སྒྲོན་བརྙན། 详情

དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་ཨང་རིམ3པའི་འཕྲུལ་འཁོར་གྱི་གཏན་ཆས་བདེ་བླག་ངང་དཔྱངས་སྒྲིག་བྱེད་ཐུབ་པ་བྱུང་།

2024-07-04 09:59:41 来源: 作者: 编辑:超级管理员

ཟླ6པའི་ཚེས25ཉིན།དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་ཨང་རིམ3པའི་འཕྲུལ་འཁོར་གྱི་གཏན་ཆས་བདེ་བླག་ངང་དཔྱངས་སྒྲིག་བྱེད་ཐུབ་པ་བྱུང་།གཏན་ཆས་འདི་ནི་ཆུ་སྐོར་གློག་འདོན་འཕྲུལ་འཁོར་གྱི་ལྷུ་ལག་གལ་ཆེན་ཞིག་ཡིན་ལ།འཕྲུལ་ཆས་ཀྱི་ནུས་པ་གློག་ནུས་སུ་བསྒྱུར་བའི་འགག་རྩའི་སྒྲིག་ཆས་ཤིག་ཀྱང་ཡིན།དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་འདེགས་སྐྱོར་གྱི་ལས་གཞི་གལ་ཆེན་ཞིག་དང་།རྒྱལ་ནང་གི་མཚོ་སྔོན་ནས་ཧོ་ནན་བར་གྱི་སྟོང་ཧྥུའུ±800ཅན་གྱི་ཆེས་མཐོའི་གློག་གནོན་ཤར་གཏོང་སྒྲིག་ཆས་སྙོམ་སྒྲིག་གི་གློག་ཁུངས་ཐོག་མ་རེད།ཆུ་གློག་ས་ཚིགས་དེའི་གློག་འདོན་འཕྲུལ་འཁོར་གྱི་སྤྱིའི་ཤོང་ཚད་ཁྲི་ཝ120དང་ཆ་སྙོམས་ལོ་རེའི་གློག་འདོན་ཚད་སྟོང་ཝ47.32ཐུབ་ཀྱི་ཡོད་པ་རེད།ཆུ་གློག་ས་ཚིགས་འཛུགསབསྐྲུན་བྱས་ཏེ་ཐོན་སྐྱེད་བྱེད་མགོ་ཚུགས་རྗེས་ལོ་རེར་རྡོ་སོལ་ཏུན་ཁྲི146.7གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི441.2ཇེ་ཉུང་དུ་གཏོང་ཐུབ།

热门新闻

热门图库

热门排行