སྲིད་དོན། 详情

ཐུན་ཏེ་རྫོང་འབའ་ལུང་ཤང་གིས་འབྲུབ་འགོག་འཕྲལ་བསྟུན་འཁྲབ་སྦྱོང་བྱ་འགུལ་སྤེལ།

2024-07-03 09:17:30 来源: 作者: 编辑:超级管理员

ཐུན་ཏེ་རྫོང་འབའ་ལུང་ཤང་གིས་འབྲུབ་འགོག་འཕྲལ་བསྟུན་འཁྲབ་སྦྱོང་བྱ་འགུལ་སྤེལ།

图片

འབྲུབ་འགོག་རུ་མིའི་འཕྲལ་བསྟུན་དངོས་འཐབ་ནུས་པ་མཐོར་འདེགས་སུ་བཏང་སྟེ། དྲག་ཆར་དང་ཆུ་ལོག་སྔོན་འགོག་གི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ལེགས་པོར་གདོང་གཏོད་ཆེད། ཉེ་སྔོན། ཐུན་ཏེ་རྫོང་འབའ་ལུང་ཤང་གིས་ཤང་ཡོངས་ཀྱི་ལས་བྱེད་ལས་བཟོ་པ་དང་མངགས་གཏོང་ཁང་གི་ཉེན་རྟོག་མི་སྣ། འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་དང་མང་ཚོགས་སྐོར་ཞིག་བཅས་རྩ་འཛུགས་བྱས་ཏེ། འབའ་མདོ་སྡེ་བར་འབྲུབ་འགོག་འཕྲལ་བསྟུན་འཁྲབ་སྦྱོང་བྱ་འགུལ་སྤེལ།

ཐེངས་འདིའི་འཁྲབ་སྦྱོང་གིས་འབའ་མདོ་སྡེ་བར་བསྟུད་མར་དྲག་ཆར་བབས་པའི་དབང་གིས་ཆུ་ལོག་གི་གནོད་འཚེ་ཡིས་གནས་དེའི་རོང་འབྲོག་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཐེབས་པའི་གནས་ཚུལ་ལ་གཞིགས་ནས། སྡེ་བ་དེས་མྱུར་དུ་སྔོན་བརྡ་གཏོང་བ་དང་། ཤང་དང་སྡེ་བ་རིམ་པ་གཉིས་ཀྱིས་འཕྲལ་མར་ཆུ་ལོག་སྔོན་འགོག་དང་ཉེན་སྲུང་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱས་ཏེ། ཕྱོགས་བསྡུས་འབྲེལ་གཏུག་ཚན་ཆུང་དང་འཕྲལ་བསྟུན་ཉེན་སྲུང་ཚན་ཆུང་། འགྲིམ་འགྲུལ་བདེ་འཇགས་ཚན་ཆུང་། སྨན་བཅོས་འཕྲོད་བསྟེན་ཚན་ཆུང་། དངོས་ཟོག་མཁོ་སྒྲུབ་འགན་སྲུང་ཚན་ཆུང་བཅས་བསྡུ་རུབ་བྱས་ནས་མགྱོགས་མྱུར་ངང་ཡུལ་དངོས་སུ་ཐོན་པའི་ལད་ཟློས་འཁྲབ་སྦྱོང་བྱས།

图片

འཁྲབ་སྦྱོང་བརྒྱུད་རིམ་ཧྲིལ་པོར་ལས་བྱེད་པ་རྣམས་ཀྱིས་མགྱོགས་མྱུར་སྒོས་འགུལ་སྐྱོད་དང་གཞོགས་འདེགས་བྱེད་པ། གཟབ་ནན་སྒོས་སྔོན་བཀོད་ཇུས་གཞི་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ཆེད་ལས་ཀྱི་བྱང་ཚད་མཐོན་པོ་མངོན་པར་བྱས། ཐེངས་འདིའི་འཁྲབ་སྦྱོང་བརྒྱུད་འབྲུབ་འགོག་འཕྲལ་བསྟུན་སྔོན་ཇུས་ཀྱི་ལག་བསྟར་རང་བཞིན་དང་དངོས་སྤྱོད་རང་བཞིན་ལ་ཞིབ་བཤེར་ནུས་ལྡན་བྱས་ཤིང་། འབའ་ལུང་ཤང་གི་ཐོལ་བྱུང་ཆུ་ལོག་གནས་ཚུལ་ལ་གདོང་གཏོད་པའི་དམག་འཐབ་ནུས་པ་དང་འཕྲལ་བསྟུན་ཐག་གཅོད་ཆུ་ཚད་མཐོ་རུ་ཕྱིན་ཡོད། རྗེས་མར་འབའ་ལུང་ཤང་གིས་ཐེངས་འདིའི་འཁྲབ་སྦྱོང་གོ་སྐབས་སུ་བཟུང་སྟེ། འབྲུབ་འགོག་འཕྲལ་བསྟུན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་སོགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།

热门新闻

热门图库

热门排行