སྲིད་དོན། 详情

འབའ་ལུང་ཤང་མངག་གཏོང་ཁང་གིས་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ།

2024-07-03 09:16:41 来源: 作者: 编辑:超级管理员

འབའ་ལུང་ཤང་མངག་གཏོང་ཁང་གིས་སྤྱི་ཚོགས་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབས།    ད་ལོ་ནས་བཟུང་། འབའ་ལུང་ཤང་མངག་གཏོང་ཁང་གི་ཉེན་རྟོག་རུ་ཁག་གིས་ཉེན་རྟོག་དྲ་མིག་དང་ཁུལ་བགོས་དྲ་མིག་ཟུང་འབྲེལ་གྱི་བྱ་བའི་རྣམ་པ་མཐའ་འཁྱོངས་བྱས་ཏེ། ཧྥེང་ཆའོ་ཡི་ཉམས་མྱོང་དམ་འཛིན་དང་ཤང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་ལ་བརྟེན་ནས་མང་ཚོགས་སྐུལ་སློང་དང་རྩ་འཛུགས། མང་ཚོགས་ལ་བརྟེན་པ་བཅས་བྱས་ཏེ་མངག་གཏོང་ཁང་གི་ཉེན་རྟོག་བྱ་བ་སྤྱི་ཚོགས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བསྣན།    འབའ་ལུང་ཤང་མངག་གཏོང་ཁང་གིས་ཤང་ཡོངས་ཀྱི་ཁྱབ་ཁོངས་སུ་ཉེན་རྟོག་དྲ་མིག་དང་ཁུལ་བགོས་དྲ་མིག་ཟུང་འབྲེལ་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་འབའ་ལུང་ཤང་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཀྱིས་སྡེ་བའི་ཨུ་ལྷན་དང་ཉེན་རྟོག་དྲ་མིག་མགོ་གཙོ། ཉེན་རྟོག་དྲ་མིག་མི་སྣ། ཁུལ་བགོས་དྲ་མིག་མགོ་གཙོ། དྲ་མིག་དོ་དམ་མི་སྣར་མཐུན་སྦྱོར་བྱེད་པའི་བྱེ་བྲག་བྱ་བའི་རྣམ་པ་ཆགས་པར་བྱས་ཏེ། རྒྱ་ཆེན་པོ་ནས་ཆུང་ངུ་དང་རིམ་གཅིག་གིས་རིམ་གཅིག་ལ་འགན་ལེན་པའི་བྱ་བའི་རྣམ་པ་བསྐྲུན་ཞིང་། དམངས་རོགས་ཉེན་རྟོག་པ་རེ་རེས་འགན་འཁྲིའི་ཁུལ་ནི་ཉེན་རྟོག་དྲ་མིག་དོ་དམ་ཁུལ་དུ་ལྟ་བ་དང་། དམངས་རོགས་ཉེན་རྟོག་པས་ཉེན་རྟོག་དྲ་མིག་མགོ་གཙོའི་འགན་འཁུར་རྒྱུ་དང་སྡེ་བའི་ཉེན་རྟོག་པས་ཉེན་རྟོག་དྲ་མིག་པའི་འགན་འཁུར་ཏེ། མང་ཚོགས་སྐུལ་སློང་བྱས་ནས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་དང་སྡོད་ཁུལ་དང་བླངས་པ་སོགས་འདུམ་འགྲིག་པ་འཕེལ་རྒྱས་གཏོང་བ་དང་ཉེན་རྟོག་དྲ་མིག་མགོ་གཙོ་དང་ཁུལ་བགོས་དྲ་མིག་མགོ་གཙོས་ལས་སྒྲུབ་མི་སྣའི་སྣེ་ཁྲིད་དེ་མང་ཚོགས་འགོག་བཅོས་དང་མཉམ་འབྲེལ་འགོག་སྲུང་གི་བྱ་བ་སྤེལ་བཞིན་འདུག

图片

图片

མངག་གཏོང་ཁང་གིས་ཉེན་རྟོག་དྲ་མིག་དང་ཁུལ་བགོས་དྲ་མིག་ཟུང་འབྲེལ་གྱི་མཉམ་འབྲེལ་མཉམ་འགུལ་ལས་དོན་དང་། དུས་ཐོག་ཏུ་དྲ་ལམ་ནས་དང་ལེན་དང་དུས་བཀག་གསོ་སྦྱོང་ལམ་སྲོལ་བཙུགས་ནས་། དུས་ཚིགས་རེར་བྱ་བའི་འཆར་ཅན་ཚོགས་འདུ་བཀོད་སྒྲིག་བྱས་ཏེ་དྲ་མིག་ནང་གི་གནད་དོན་སྣ་ཚོགས་ལ་མཉམ་འབྲེལ་སྒོས་གྲལ་བཤེར་བྱེད་པ་དང་མཉམ་དུ་ཆ་འཕྲིན་སྤེལ་རེས་དང་གྲོས་མོལ་བྱ་ཐབས། གྱོད་དཔེ་འགྲེལ་བཤད་དང་འཕྲལ་བསྟུན་ཐག་གཅོད་འཁྲབ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་དྲ་མིག་ནང་གི་ལས་སྒྲུབ་མི་སྣར་གསོ་སྦྱོང་བྱེད་བཞིན་འདུག དེ་དང་ཆབས་ཅིག་ཤང་ཏང་ཨུས་དུས་བཀག་ལྟར་ཁྱབ་སྤེལ་བྱས་པའི་བདེ་འཇགས་དོགས་ཟོན་གྱི་གཙོ་གནད་གཞིར་བཟུང་སྟེ། ཉེན་རྟོག་དྲ་མིག་དོ་དམ་པ་དང་ཁུལ་བགོས་དྲ་མིག་དོ་དམ་མི་སྣ་རྩ་འཛུགས་བྱས་ནས་ས་གནས་དང་གནས་ཚུལ་རྒྱུས་ལ་མངའ་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འགལ་བ་དང་རྩོད་གཞི། དཀའ་གནད་སྣ་ཚོགས་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད།འབའ་ལུང་ཤང་མངག་གཏོང་ཁང་གིས་ཉེན་རྟོག་དྲ་མིག་དོ་དམ་དང་ཁུལ་བགོས་དྲ་མིག་དོ་དམ་བྱེད་སྟངས་འོག་ཉེན་རྟོག་དྲ་མིག་དོ་དམ་པ་དང་ཁུལ་བགོས་དྲ་མིག་དོ་དམ་པས་ཕན་ཚུན་གཞོགས་འདེགས་བྱས་ཏེ་ཁྱོན་ཡོངས་ནས་གཞི་རྩའི་བདེ་སྐྱོང་གཞི་རྒྱུའི་ཆ་འཕྲིན་དང་བྱ་བའི་བྱེད་ཐབས་བསྡུ་ལེན་བྱེད་པ་དང་། དུས་ཚིགས་རེ་རེར་ཡོངས་བཤེར་ཐེངས་རེ་སྤེལ་བ། གཟའ་འཁོར་རེར་ཆད་ལུས་གསབ་བཤེར་རྒྱུན་འཁྱོངས་བྱེད་བཞིན་འདུག ཉེན་རྟོག་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པ་དང་མེ་མདའ་འཛིན་བཟུང་དང་འབར་གས་བཀག་འགོག་སོགས་ཀྱི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས། དམངས་ལ་གཅེས་སྐྱོང་བྱེད་པའི་བཅར་འདྲི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་ཉེན་རྟོག་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། གྲལ་བཤེར་ལས་དོན་དང་ཟུང་འབྲེལ་སྒོས་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་དང་དེ་བཞིན་འགལ་བ་དང་རྩོད་གཞི་སྣ་ཚོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། རྒྱུན་ལྡན་གྱི་འཚོ་བ་ལས་བྱུང་བའི་ཁྱིམ་མཚེས་དང་ཁྱིམ་ཚང་གི་འགལ་བ་དང་རྩོད་གཞི་ཁག་གཅིག་དུས་ཐོག་ཏུ་རྒྱུས་ལོན་དང་སྔ་མོ་ནས་འདུམ་འགྲིག་ཐག་གཅོད་བྱས་པས་ཉེན་རྟོག་གནས་ཚུལ་གྱི་གནོན་ཤུགས་ནུས་ལྡན་ངང་ཆུང་དུ་བཏང་བ་དང་ཁོངས་གཏོགས་ཁུལ་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།འབའ་ལུང་ཤང་མངག་གཏོང་ཁང་གི་བདེ་འཇགས་མི་དམངས་ཉེན་རྟོག་པ་བཀྲ་ཤིས་རྒྱལ་གྱིས་བཤད་རྒྱུར། འབའ་ལུང་ཤང་མངག་གཏོང་ཁང་དུ་ཉེན་རྟོག་ཁང16བཀོད་སྒྲིག་བྱས་ཡོད་པ་དང་། ཉེན་རྟོག་ཁང་རེ་རེར་མངག་གཏོང་ཁང་ནང་གི་དམངས་རོགས་ཉེན་རྟོག་པས་ཉེན་རྟོག་དྲ་མིག་མགོ་གཙོའི་འགན་ཁུར་ཡོད་པ་དང་། སྡེ་བའི་ཉེན་རྟོག་པས་ཉེན་རྟོག་དྲ་མིག་པའི་འགན་འཁུར་ཡོད་ལ། ཁུལ་བགོས་དྲ་མིག་པ་དང་དྲ་མིག་མགོ་གཙོ་བཅས་ཁྱོན་བསྡོམ་མི80ལྷག་ཡོད།

图片

图片

འབའ་ལུང་ཤང་མངག་གཏོང་ཁང་གིས་ཉེན་རྟོག་དྲ་མིག་དང་ཁུལ་བགོས་དྲ་མིག་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་སྔོན་འགོག་ཚོད་འཛིན་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲང་ལམ་སྐོར་ཞིབ་དང་ཚོང་ཁང་ཞིབ་དཔྱད་བྱས་ཏེ་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ཉེན་རྟོག་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པའི་རྣམ་པར་བརྟེན་ནས་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐེངས100ལྷག་བྱས་ནས་བསྡོམ་པས་འགལ་བ་དང་རྩོད་གཞི35འདུམ་འགྲིག་བྱས་ཏེ་ཐག་གཅོད་བྱེད་ཚད100%ཟིན་ཡོད། འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ང་ཚོས་ཀྱང་འབའ་ལུང་ཤང་མཐུན་སྒྲིལ་སྡེ་བར་ཚོད་ལྟའི་ལས་དོན་སྤེལ་ཞིང་། ལས་དོན་སྤེལ་སྟངས་དེས་གསང་འཕྲིན་འཚོལ་བསྡུ་དང་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་ཀྱི་ཐད་ཕན་འབྲས་མངོན་གསལ་ཐོན་ཡོད། སྔར་ལས་ལྷག་པའི་སྒོ་ནས་བཀོད་སྒྲིག་ཇེ་ལེགས་དང་འགན་ལེན་ཤུགས་ཆེན་བྱེད་པ། ཞབས་ཞུ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཉེན་རྟོག་དྲ་མིག་དང་ཁུལ་བགོས་དྲ་མིག་ཟུང་འབྲེལ་གྱི་ལས་དོན་དོ་དམ་བྱེད་སྟངས་སྒྲིག་སྲོལ་ཅན་དུ་བསྒྱུར་ནས་སྤྱི་བདེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་སྔར་ལས་རོགས་རམ་བྱ་རྒྱུ་ཡིན་ཟེར།

热门新闻

热门图库

热门排行