སྲིད་དོན། 详情

ཐུན་ཏེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།

2024-07-03 09:15:31 来源: 作者: 编辑:超级管理员

图片

ནན་ཏན་གྱིས་ཚོགས་འདུ་གསུམ་དང་སློབ་ཐུན་གཅིག་གི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྲོལ་ཡིག་གི་སློབ་སྦྱོང་དྲིལ་བསྒྲགས་གཏིང་ཟབ་ཏུ་གཏོང་བ། ཏང་གི་ཉིན་མོའི་བརྗོད་དོན་རྣམ་པ་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཏང་གི་ཉིན་མོའི་བརྗོད་དོན་དང་ཞིབ་དཔྱོད་བྱ་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བཅས་ཟུང་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པའི་དུས་དང་རྣམ་པ་ཀུན་ཏུ་ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་འཆང་བར་སློབ་གསོའི་སྣེ་ཁྲིད་བྱེད་པ། ཏང་ཡོན་གྱི་འདུ་ཤེས་ཇེ་དྲག་དང་ཕུགས་འདུན་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱ་ཆེད། ཉེ་ཆར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་འཛུགས་བྱས་ཏེ་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ།ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་ཉིན་དེར་ཀྲི་པུའུ་ཧྲུའུ་ཅིས་ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་སྣེ་ཁྲིད་དེ་མཉམ་དུ་ལག་གཡས་པའི་ཁུ་ཚུར་དམ་པོར་བཅིངས་ཏེ་དམར་མདངས་བཀྲ་བའི་ཏང་གི་དར་ཆར་ཁ་གཏད་ནས་གཟི་བརྗིད་ལྡན་པའི་སྒོ་ནས་ཏང་རྩ་འཛུགས་ལ་དམ་བཅའ་བཞག་ལ། དེས་མི་སེམས་ལ་གཡོ་འགུལ་ཐེབས་སུ་བཅུག་སྟེ། ཚང་མས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱེད་སྐབས་ཐོག་མའི་བསམ་འདུན་སྲུང་ནས་འགན་འཁྲི་འཁུར་དུ་བཅུག་སྟེ། རང་ཉིད་ཀྱིས་ཏང་ལ་བརྗིད་ཉམས་ལྡན་པའི་ཁས་ལེན་དང་དད་མོས་བརྟན་པོ་བློ་ལ་བརྟན་པོར་བཟུང་ནས།གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་རྒྱུན་འཁྱོངས་བྱེད་དུ་བཅུག

图片

图片

དེའི་རྗེས་ཏང་ཡོན་རྩ་འཛུགས་བྱས་ནས་རྫོང་གི་ཏང་གཤིས་སློབ་གསོའི་རྟེན་གཞིར་འགྲེལ་བཤད་ལ་ཉན་ཏེ་དཔེ་མཚོན་གྱོད་གཞིར་ལྟ་སྦྱོང་བྱས་པ་དང་དེས་དམིགས་ཡུལ་ནི་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱིས་ཉེ་བའི་ལོ་ཤས་རིང་ཏང་སྲོལ་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལས་འགལ་བའི་ལས་དོན་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱེད་པ་དང་། སྒྲིག་ཁྲིམས་དང་ཁྲིམས་འགལ་བྱ་སྤྱོད་ཀྱིས་ཏང་དང་རྒྱལ་ཁབ།མི་སྒེར་དང་ཁྱིམ་ཚང་བཅས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་མྱོང་ཚོར་ཟབ་མོ་བྱེད་དུ་འཇོག་པ་དང་ཆབས་ཅིག ཏང་ཡོན་གྱི་རུལ་སུང་ལ་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཉེན་བརྡ་བཏང་བ་དང་འབྲེལ། ཏང་ཡོན་གྱི་ལྡོག་ཕྱོགས་ནུས་པ་དཔེ་མཚོན་དུ་བཟུང་ནས་རུལ་རྒོལ་གཙང་སྤེལ་རྒྱུན་རྣམ་ཅན་དུ་བཏང་ནས། རང་ངོས་ཀྱི་སྤྱོད་གཙང་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་སྤྱོད་གཙང་རང་གཅུན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་ཡོང་བར་བྱས།

ཏང་ཙུའུ་ཧྲུའུ་ཅིའམ་ཞིབ་དཔྱོད་མགོ་གཙོ་འབྲུག་ལོ་ཐར་གྱིས་ཏང་ཡོན་ལས་བྱེད་པས་ཇི་ལྟར་བྱས་ནས་སྤྱོད་གཙང་གི་རྩིས་ཐོ་བདུན་ལ་བརྩི་སྲུང་བྱེད་དགོས་ཞེས་པ་བརྗོད་བྱར་བཟུང་ནས་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ལ་དངོས་སྒྲུབ་ཏང་གི་སློབ་ཁྲིད་གནང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དམ་པོར་གཏོང་བ་དང་། རྒྱུན་དུ་བྱ་བའི་ཐད་གཟབ་ནན་བྱེད་པའི་བསམ་བློ་ཡོད་དགོས་པ་ལས་ངན་སེམས་ཡོད་མི་ཉན་པར་ཁྲིད་སྟོན་བྱས་ཏེ། འགན་འཁྲིའི་བསམ་བློ་ཡོད་པའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་ལས་ཀ་ཟུང་འབྲེལ་ནུས་ལྡན་བྱས་ཏེ། ཉིན་རྒྱུན་མཉམ་འདྲེས་དང་དམ་འཛིན་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་བརྒྱུད་རིམ་དང་ཏང་གཤིས་སྦྱོང་བརྡར་བྱེད་པའི་སྟེགས་བུ་ཞིག་ཏུ་འགྱུར་བར་བྱས།བྱ་འགུལ་ལས་ད་དུང་དགེ་སློབ་གྱི་འཐུས་མི་དང་མི་དམངས་ལྟ་སྐུལ་བ། རྫོང་ཐོན་ཨུ་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འགན་ནུས་སྡེ་ཁག་གི་འཐུས་ཚབ་མི་སྣ་གདན་ཞུ་བྱས་ཏེ་ཞིབ་དཔྱོད་ཁང་གི12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་དང་དཔང་ཉན་ཁང་། ཞིབ་དཔྱོད་ཁང་གི་ལོ་རྒྱུས་འགྲེམས་སྟོན་ཁང་བཅས་ལ་ལྟ་སྐོར་བྱས་ཏེ་ནར་མ་སོན་པའི་མིའི་བཙན་ཤེད་སྙན་ཞུའི་སྤྱི་ཕན་དྲིལ་བསྒྲགས་བརྙན་འཕྲིན་དང་སློབ་གྲྭའི་བརྙས་བཅོས་སྔོན་འགོག་དང་གནོད་འཚེ་སྔོན་འགོག་གི་འབྲེལ་ཡོད་བརྙན་ཐུང་ལ་ལྟ་རུ་བཅུག་པ་མ་ཟད། ཞིབ་དཔྱོད་དཔོན་གྱིས་ཞིབ་བཤེར་མ་བྱས་པར་གྱོད་གཞི་སྒྲུབ་པའི་གཏམ་རྒྱུད་ལ་ཉན་དུ་བཅུག་པ་དང་། ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་དང་ཁྲིམས་ལུགས་སློབ་རར་བསྐྱོད་པ་སོགས་ཀྱི་བྱ་འགུལ་ལ་བརྟེན་ནས། ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ནར་མ་སོན་པའི་མིའི་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་ལས་རིགས་ཁག་གིས་ནར་མ་སོན་པའི་མིའི་ཞིབ་དཔྱོད་ལས་དོན་ལ་རེ་སྒུག་དང་དོ་ཁུར་བྱེད་པ་དེ་སྒུལ་ཤུགས་སུ་བསྒྱུར་ནས་ཕྱོགས་མང་པོའི་མཉམ་ལས་གཅིག་སྒྲིལ་ལ་བརྟེན་ནས་སྲུང་སྐྱོང་དྲ་བ་དམ་པོར་བཟོས་ཏེ། ནར་མ་སོན་པའི་མིའི་འགོག་སྲུང་སྲུང་ཡོལ་བརྟན་པོར་བཟོས།

图片

图片

ལས་རིམ་རྗེས་མར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྣ་ཚོགས་མུ་མཐུད་དུ་སྤེལ་ནས་དྲིལ་བསྒྲགས་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཚང་མའི་དྲང་གཞག་དྲང་བདེན་ཚོར་ཐུབ་པ། སྤྲོ་སེམས་དང་ཆེད་ལས་ཀྱི་རྣམ་འགྱུར་གྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དང་ཁྲིམས་སྐྱོང་གི་འགན་འཁྲི་འཁུར་དུ་འཇོག་རྒྱུ་ཡིན་པ་རེད། 

热门新闻

热门图库

热门排行