སྲིད་དོན། 详情

ཀོས་ནན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས།

2024-07-03 09:12:59 来源: 作者: 编辑:超级管理员

ཉེ་སྔོན། ཀོས་ནན་རྫོང་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། རྫོང་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཆའོ་པད་མ་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད།རྫོང་དཔོན་གཞོན་པ་ཁག་དང་། ཤང་དང་གྲོང་རྡལ་སོ་སོའི་མགོ་བ། རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད།

图片

གྲོས་ཚོགས་ལས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་བསུ་བ་དང་།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མཚོ་སྔོན་ལ་རྟོག་ཞིབ་བྱེད་པར་ཕེབས་ཏེ་གསུང་བཤད་གལ་ཆེན་གནང་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་བབ་གཏན་འཁེལ་དང་འགག་སྒོ་གཏན་འཁེལ་བྱས་པ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཚོ་སྔོན་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་མཚོ་སྔོན་འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་བྱས་ཡོད་པ་མཚོན་ཡོད། ང་ཚོས་སྔར་ལས་མཐོ་བའི་ལངས་ཕྱོགས་དང་། སྔར་ལས་ཆེ་བའི་མཐོང་རྒྱ་བཅས་ཀྱི་ཐོག་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་འཆར་འགོད་བྱ་རྒྱུར་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད།   

图片

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྫོང་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བཅས་བྱ་རྒྱུ་དེ་མིག་སྔའི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་མ་ལག་ལྡན་པའི་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་། མུ་མཐུད་རྗེས་སྙེགས་སློབ་སྦྱོང་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱུན་མཐུད་རང་བཞིན་དང་། གཅིག་མཐུན་རང་བཞིན། གཞི་གཅིག་རང་བཞིན་བཅས་ཀྱི་ནང་གནས་གཏན་ཚིགས་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་བླངས་ནས། རྫོང་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གི་ལས་དོན་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་ལག་ལེན་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱ་དགོས།

གྲོས་ཚོགས་ཀྱི་བླང་བྱ་ནི། གཅིག་ནས་ཐོན་ལས་ལེགས་སུ་གཏོང་བ་དང་རིམ་སྤོར་བྱ་རྒྱུར་དམིགས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། གཉིས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དམིགས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གཏོད་དགོས། གསུམ་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་དམིགས་ཏེ་དམངས་ཕྱུག་གི་བྱས་རྗེས་གསར་པ་མངོན་པར་བྱ་དགོས། བཞི་ནས་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་དམིགས་ཏེ་མི་རིགས་བྱ་གཞག་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་གཅིག་ཏུ་སྒྲིལ་དགོས།ལྔ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་དམིགས་ཏེ་སྤྱོད་བཟང་དང་སྒྲིག་ཁྲིམས་དག་སེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས།  

热门新闻

热门图库

热门排行