གནད་བསྡུས། 详情

ཐུན་ཏེ་རྫོང་གིས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་བསྡུས།

2024-07-03 09:12:07 来源: 作者: 编辑:超级管理员

ཐུན་ཏེ་རྫོང་གིས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས།

图片

ཉེ་སྔོན། ཐུན་ཏེ་རྫོང་གིས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། སློབ་སྦྱོང་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཞིང་ཆེན་ཀྲུང་ཨན་བདེ་འཇགས་ལག་རྩལ་བློ་འདྲི་ཚད་ཡོད་ཀུང་ཟུའི་ལག་རྩལ་བློ་འདྲི་བ་དགེ་རྒན་ཡུས་ཞའོ་ཧྥིན་གདན་ཞུ་བྱས་ནས་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་ཆེད་དོན་འཆད་ཁྲིད་གནང་ཞིང་། ཚོགས་འདུར་རྫོང་ཨུའི་རྒྱུན་ཨུའམ་རྒྱུན་ལས་རྫོང་དཔོན་གཞོན་པ་ཝང་ཡིའུ་ཡེ་ཡིས་མགོ་འཛིན་བྱས།མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཞིང་ཆེན་ཀྲུང་ཨན་བདེ་འཇགས་ལག་རྩལ་བློ་འདྲི་ཚད་ཡོད་ཀུང་ཟིའི་ལག་རྩལ་བློ་འདྲི་བ་དགེ་རྒན་ཡུས་ཞའོ་ཧྥེང་གིས་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ནས་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གོ་སླ་བའི་ཆེད་དོན་ཟུར་ཁྲིད་ཀྱི་སློབ་ཁྲིད་བྱས་པ་དང་། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་བརྗོད་དོན་གསལ་བ། གཙོ་གནད་མངོན་གསལ་དང་རིགས་པའི་གཞུང་ལུགས་དོན་དངོས་ལ་གཞི་ཚུགས་པ། ཕན་འབྲས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་བཅས་ལྡན་པས་ཚོགས་ཞུགས་མི་སྣའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྒྲུབ་པའི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་།

图片

图片

ཚོགས་འདུ་ལས་ཐོག་གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་སྔར་བས་མངོན་གསལ་དོད་པའི་གནས་སུ་བཞག་ཏེ་ད་ལོར་ལག་བསྟར་བྱས་པའི་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་གསོའི་ལོ་གསུམ་འགུལ་སྐྱོད་ལས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཁ་ཚ་དགོས་གཏུགས་དང་། ཤང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁྲི་དང་ལས་འགན་གལ་ཆེན་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད་ལ། རྫོང་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་སློང་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། བདེ་འཇགས་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། བདེ་འཇགས་ལས་འཛོལ་ཚབས་ཆེན་བྱུང་བར་སྔོན་འགོག་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། ངེས་པར་དུ་བདེ་འཇགས་ཐོན་སྐྱེད་དེ་གལ་ཆེའི་གནས་སུ་བཞག་ནས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་ལས།འཕེལ་རྒྱས་ཁོ་ནར་མཐོང་ཆེན་བྱས་ནས་བདེ་འཇགས་སྣང་མེད་དུ་གཏན་ནས་བྱེད་མི་རུང་ལ། ལྷག་པར་ཏུ་སྣང་མེད་དུ་བརྩིས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དེ་ལས་ཀྱང་སྤེལ་མི་རུང་། ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱི་གཙོ་གཟུགས་འགན་འཁྲི་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་འགན་འཁྲི་ལ་ཤུགས་སྣོན་དང་དོན་འཁྱོལ་བྱས་ཏེ། ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་འགན་འཁུར་བ་དང་ལས་བཟོ་བ་ཟབ་ཞུགས་བྱེད་པ། སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པ། ལས་རིགས་ཀྱི་རང་རྟོགས་དང་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཛུགས་དགོས།བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ་དང་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་སྤྱིའི་འགན་འཁྲི་འཁུར་བ།ལས་ཁུངས་དེ་གའི་ལས་མི་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སེམས་ལ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་ལ། ཤང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཕན་འབྲས་དངོས་སུ་བསྒྱུར་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྣམ་པ་སྣ་ཚོགས་ཀྱི་བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་བྱེད་སྒོ་དང་འཕྲལ་བསྟུན་འཁྲབ་སྦྱོང་བྱེད་སྒོ་སྣ་ཚོགས་གསར་གཏོད་བྱས་ཏེ་བྱེད་ཐབས་མང་པོ་སྤྱོད་པ་དང་ཐོལ་བརྒལ་མདུན་བསྐྱོད་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་མི་སེམས་སུ་འཇགས་པར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་མཐོར་འདེགས་དང་འཕྲལ་བསྟུན་ཐག་གཅོད་ཀྱི་སྤྱི་ཡོངས་ཆུ་ཚད་མཐོ་རུ་གཏོང་དགོས། དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འབར་རླངས་བདེ་འཇགས་དང་སློབ་གྲྭའི་བདེ་འཇགས། འཛུགས་སྐྲུན་ལས་གཞི་དང་ཁང་པའི་བདེ་འཇགས། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས། གཏེར་ཁའི་བདེ་འཇགས། ཉེན་ཡོད་རྫས་འགྱུར་དངོས་རྫས་བདེ་འཇགས། མེ་ཟོན་བདེ་འཇགས་བཅས་ཀྱི་ཉེན་ཁར་དམིགས་ཏེ་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་ཕྱོགས་བསྡུས་བདེ་འཇགས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས་ལ། མིག་སྔའི་ཆུ་ལོག་འགོག་པའི་ལས་དོན་གཙོ་གནད་དུ་བཟུང་ནས་རྫོང་རིམ་པའི་ཆུ་ལོག་འགོག་སྲུང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་འཕྲལ་བསྟུན་གནམ་གཤིས་དང་ཆུ་བེད། རང་བྱུང་ཐོན་ཁུངས་དང་ཤང་དང་གྲོང་རྡལ་སོ་སོས་མཉམ་དུ་ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་སྔོན་བརྡ་བཏང་ནས་གྲོས་མོལ་ཞིབ་འཇུག་དང་འཕྲལ་བསྟུན་ཐག་གཅོད་ལེགས་པོ་བྱ་དགོས།

图片

图片

ཐུན་ཏེ་རྫོང་སྡོད་རྫོང་རིམ་པ་གཞོན་པའི་ཡན་གྱི་མགོ་ཁྲིད་ལས་བྱེད་དང་རྫོང་ཨུའི་པུའུ་ཨུ་སོ་སོ། རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན། ཤང་དང་གྲོང་རྡལ་ཁག་གི་ཏང་སྲིད་འགན་འཁུར་པ་གཙོ་བོ། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ཁེ་ལས་ལས་ཁུངས་དང་་སློབ་གྲྭ་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་མི70ལྷག་ཐེངས་འདིའི་སློབ་སྦྱོང་ཚོགས་འདུར་ཞུགས་ཡོད།

热门新闻

热门图库

热门排行