གནད་བསྡུས། 详情

ཐུན་ཏེ་རྫོང་གིས་གཞུང་ལམ་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས།

2024-06-17 14:38:20 来源: 作者: 编辑:超级管理员

ཐུན་ཏེ་རྫོང་གིས་གཞུང་ལམ་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས།

图片

ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་འབའ་ཆུའི་ཤར་ལམ་རིམ་སྤོར་སྒྱུར་བཀོད་བཟོ་སྐྲུན་ལེགས་འགྲུབ་བྱུང་བ་དེ་ནི་ཐུན་ཏེ་རྫོང་གིས་གཞུང་ལམ་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། བསྡོམས་པས་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་གསུམ་འབུམ་བརྒྱད་བཏང་ཞིང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་གྱིས་ས་གནས་མང་ཚོགས་ལ་བདེ་འཇགས་དང་སྟབས་བདེའི་འགྲོ་སྐྱོད་ཁོར་ཡུག་ཅིག་མཁོ་འདོན་བྱས་པ་མ་ཟད། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

རྐ་འབའ་སུམ་མདོ་གྲོང་རྡལ་གྱི་འབའ་ཆུའི་ཤར་ལམ་རིམ་སྤོར་སྒྱུར་བཀོད་བཟོ་སྐྲུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ2.20ཡོད་པའི་ནང་སྨི1165.49ཡོད་པའི་འབའ་ཆུའི་ཤར་ལམ་དེ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ་གཞིར་བཟུང་ནས། གཞིས་ཁུལ་གྱི་ལམ་དུ་འཆར་འགོད་བྱས་ཡོད་ལ། གྲོང་གསེབ་གཞུང་ལམ་བཟོ་སྐྲུན་ལག་རྩལ་ཚད་གཞིའི་ཁྲོད་ཀྱི་ཡན་ལག་ལམ་དུམ་གྱི་ལག་རྩལ་དམིགས་ཚད་སྤྱད་ཡོད། གཞུང་ལམ་དམར་ཐིག་གི་ཞེང་ཚད་ལ་སྨི6ཡོད་པ་དང་། བཅད་ངོས་འཆར་འགོད་ལྟར་སྨི1ཅན་གྱི་མི་བགྲོད་གཞུང་ལམ་དང་སྨི4ཅན་གྱི་རླངས་འཁོར་བགྲོད་ལམ་ཇུས་འགོད་བྱས་ཡོད་ལ། བཟོ་སྐྲུན་གྱི་ནང་དོན་ཐད་གཞུང་ལམ་དང་བཙོག་ཆུ་འབུད་སྒོ། ལམ་སྒྲོན། འགྲིམ་འགྲུལ་སྒྲིག་བཀོད། ལྗང་བསྒྱུར་སོགས་ཕྱོགས་མང་པོ་ཚུད་ཡོད་པ་དང་། བཟོ་སྐྲུན་ཧྲིལ་པོ2023ལོར་བདེ་བླག་ངང་ཡོངས་འགྲུབ་བྱས། 

热门新闻

热门图库

热门排行