གནད་བསྡུས། 详情

རང་ཞིང་གིས་སྨན་བཅོས་བཅོས་བསྒྱུར་ཐད་སྐུལ་འདེད་གཏོང་རྒྱུ་རེད།

2024-06-17 14:36:53 来源: 作者: 编辑:超级管理员

རང་ཞིང་གིས་བྱེད་ཐབས་མང་པོ་སྤྱད་དེ་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་གྱི་སྤུས་འདེགས་ཕན་འཕར་ལ་སྐུལ་འདེད་གཏོང་རྒྱུ་རེད།

གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱ་བས་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ།  སྨན་བཅོས་བཅོས་བསྒྱུར་གྱི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་དང་། སྨན་བཅོས་འགན་སྲུང་དང་སྨན་བཅོས།སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། སྒྲིག་སྲོལ་ནང་རྐྱེན་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྨན་བཅོས་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཇེ་མགྱོགས་དང་སྤུས་ཚད་མཐོ་བའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།ད་ལོར་རང་ཞིང་གིས་སྨན་བཅོས་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་དང་སྐུལ་འདེད་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་བ་དང་གཞི་རིམ་གྱི་རྨང་གཞིའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད།  རྒྱལ་ཁོངས་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་གསོ་རིག་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས། ཞིང་ཆེན་རིམ་པའི་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞིའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྨན་བཅོས་ཐུན་མོང་སྒྲིག་གཞིའི་སྲིད་འཛིན་དང་མི་དོན།  ནོར་དོན།  ལས་སྒོ། སྨན་སྤྱོད། ཆ་འཕྲིན་སོགས་གཅིག་གྱུར་དོ་དམ་ནང་རྐྱེན་དོན་འཁྱོལ་བྱས་ཏེ་རོགས་སྐྱོར་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཐོག    ཞིང་ཆེན་དང་གྲོང་ཁྱེར།   ཁུལ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ནད་ཐོག་ཆེད་ལས་ཚན་ཁག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་སློབ་ཆེན་སློབ་མའི་ཞིང་སྡེའི་སྨན་པའི་ཆེད་དོན་འཆར་འགོད་གཅིག་གྱུར་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱི་སྒྲིག་གཞིའི་ཁྲོད་གདན་ཞུ་དང་སློབ་གྲྭའི་འཇོན་མི་ནང་འདྲེན་བྱེད་པ་དང་། ཁུལ་གྱིས་གདན་ཞུ་བྱས་ནས་རྫོང་གིས་བཀོལ་བའི་བྱ་བ་བཅས་ནན་ཏན་གྱིས་བསྒྲུབ་རྒྱུ་རེད།གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་ཨུའི་མགོ་ཁྲིད་འོག་ཡོན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ནས་གཞུང་བཙུགས་སྨན་ཁང་གི་ལས་འབྲས་དཔྱད་ཞིབ་ནན་མོ་བྱས་ཐོག  ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་དང་བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འགག་སྒྲོལ་ལོའི་འགུལ་སྐྱོད་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། རིམ་པ་སོ་སོའི་གཞུང་བཙུགས་སྨན་ཁང་དང་གཞི་རིམ་སྨན་བཅོས་སྒྲིག་གཞིའི་བྱས་འབྲས་གླ་ཕོགས་སྤྱི་གྲངས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཤེར་གཏན་འཁེལ་བྱེད་པ། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྨན་བཅོས་མི་སྣའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་བ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་དར་སྤེལ་གཏོང་བའི་བཟོ་འགོད་གལ་ཆེན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ཆེད་དོན་ཚན་ཁག་དང་། ཞིང་ཆེན་དང་རྫོང་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཆེད་དོན་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་རེད།དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། DRG/DIPཡི་དོན་དངོས་རིན་སྤྲོད་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཁྲོད་ཀྱི་སྨན་བཅོས་འགན་སྲུང་སྤྱི་གྲངས་ཀྱི་རིན་སྤྲོད་ཚོད་ལྟ་གཅིག་གྱུར་གྱིས་ལག་བསྟར་ཡག་པོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་དང་གྲངས་ཚད་ལྟར་ཉོ་སྒྲུབ་རྩ་འཛུགས་ལག་བསྟར་བྱེད་པ།  སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་བྱེད་པའི་ནང་རྐྱེན་དོན་འཁྱོལ་བཅས་བྱས་ཏེ། སྨན་བཅོས་མི་སྣའི་ལག་རྩལ་ངལ་ལས་རིན་ཐང་མཚོན་པའི་སྨན་བཅོས་དང་ནད་གཡོག གཤགས་བཅོས།    ཀྲུང་བོད་སྨན་བཅོས་ཞབས་ཞུ་སོགས་ལས་གཞིའི་རིན་གོང་ལུགས་མཐུན་ངང་མཐོ་རུ་གཏོང་རྒྱུ་རེད།

རིམས་ནད་ཚོད་འཛིན་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རིམ་པ་སོ་སོའི་རིམས་ནད་ཚོད་འཛིན་ལས་ཁུངས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་རིམས་ནད་ཚོད་འཛིན་ལས་ཁུངས་དང་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ལེགས་སྒྲིག་བསྐྱར་འཛུགས་བྱེད་པ། རིམས་ནད་ཚོད་འཛིན་དང་སྨན་ཁང་བར་གྱི་ནད་གཞི་གལ་ཆེན་སྔོན་འགོག་ཚོད་འཛིན་དང་མཐུན་སྦྱོར་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་སྔར་ལས་མང་པོ་རིམས་ནད་ཀྱི་དུས་མགོའི་རྒྱུ་རྐྱེན་ལ་ཐེ་གཏོགས་དང་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལ་སྐུལ་འདེད་བྱེད་པའི་ཐད་སྤྱོད་རྒྱུ་རེད། །


热门新闻

热门图库

热门排行