སྒྲོན་བརྙན། 详情

ལོ་ངོ3000གོང་གི་བྲག་བརྐོས་རི་མོ་སྐོར་ཞིག་རྙེད་འདུག

2024-06-17 14:36:02 来源: 作者: 编辑:超级管理员

ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པས་ལྗོངས་ཕྱིར་བརྟག་དཔྱད་བྱེད་སྐབས། མཐོང་དཀོན་པའི་བྲག་བརྐོས་རི་མོ་ཚོགས་ཤིག་གསར་དུ་རྙེད་པ་མ་ཟད། བྲག་བརྐོས་རི་མོའི་ཁྱབ་ཚུལ་དང་། གྲངས་འབོར། གཟུགས་རིས། རྩ་བའི་གཞི་གྲངས། ཉར་ཚགས་གི་གནས་ཚུལ་སོགས་འཚོལ་བསྡུ་བྱས་ནས་ཟིན་ཐོ་ཞིབ་ཕྲ་བཀོད་པ་རེད།

图片

ཤེས་གསལ་ལྟར་ན། བྲག་བརྐོས་རི་མོའི་ཚོགས་དེ་མང་རྫོང་སུམ་མདོ་གྲོང་རྡལ་འབུམ་ལུང་གྲོང་ཚོའི་འབུམ་ལུང་ལུང་ཤུར་གྱི་བྲག་ངོས་སུ་ཡོད་ཅིང་། སྲོག་ཆགས་ཀྱི་སྣང་བརྙན་རི་མོ་བརྐོས་པའི་བྲག་རིས་བཅུ་གྲངས་ཤིག་སྨི་གྲུ་བཞི་མ1000ཙམ་གྱི་བྲག་རིའི་སྟེང་དུ་ཁྱབ་ཡོད་པ་དང་། དེའི་ནང་གི་ཁག་ཅིག་བྲག་རྡོའི་སྟེང་དུ་ཡོད་པ་དང་། མང་ཆེ་བ་བྲག་རིའི་སྟེང་གི་སྔོ་ཁེབས་འོག་ནས་རྙེད་པ་རེད། 

图片

ཤེས་གསལ་ལྟར་ན། བྲག་བརྐོས་རི་མོ་ནི་མིའི་རིགས་ཀྱི་མེས་པོ་རྣམས་ཀྱིས་བཞག་པའི་རྩ་ཆེའི་རིག་གནས་ཤུལ་བཞག་ཅིག་དང་རྡོ་བརྐོས་རིག་གནས་ཤིག་རེད། མིའི་རིགས་ཀྱི་མེས་པོས་རྡོ་ཆས་ལག་ཆ་བྱས་ཏེ། བརླང་ཞིང་བབ་ཆགས་པའི་རང་བྱུང་གི་བྱེད་ཐབས་སྤྱད་དེ་རྡོ་ངོས་སུ་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་ནང་དོན་བརྐོས་ཤིང་ཟིན་བྲིས་སུ་བཀོད་ཡོད། མིའི་རིགས་ཀྱིས་རིག་གནས་ཐོན་སྐྱེད་དང་རིག་གནས་འཛད་སྤྱོད་ལ་བརྟེན་ནས་རང་ཉིད་ཀྱི་བསམ་པའི་འཇིག་རྟེན་ལ་འགྱུར་ལྡོག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་འོད་སྟོང་འཕྲོ་བའི་བྲག་རིས་ཀྱི་པར་རིས་གསར་གཏོད་བྱས་ཡོད།

图片

བྲག་བརྐོས་རི་མོ་འདི་དག་ཚང་མ་ལི་ཆས་དུས་རབས་ཀྱི་ཐོན་དངོས་ཡིན་པ་དང་། ད་ལྟ་བར་ལོ་ངོ3000ལྷག་འདས་ཡོད་ལ། མང་རྫོང་ས་ཁུལ་གྱི་མེས་པོའི་བྱེད་སྒོ་ལས་བྱུང་བའི་བདེན་དཔང་ནུས་ལྡན་ཞིག་རེད། མང་རྫོང་རིག་དངོས་ཡོངས་བཤེར་རུ་ཁག་གི་ལས་བྱེད་པ་ཝང་ཀྲན་ཚུན་གྱིས་བྲག་བརྐོས་རི་མོ་ནི་མིའི་རིགས་ཀྱི་སྔ་དུས་ཀྱི་ཤེས་དཔལ་མངོན་པའི་ཟིན་ཐོ་གལ་ཆེན་ཞིག་ཡིན་པ་མ་ཟད། མིའི་རིགས་ཀྱི་རིག་གནས་སྣ་མང་རང་བཞིན་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་སྒྲིག་གཞི་ལ་ཞིབ་འཇུག་བྱེད་པའི་དོན་དངོས་ར་སྤྲོད་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཀྱང་ཡིན་པས། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཤེས་རྟོགས་བྱ་བར་དོན་སྙིང་གལ་ཆེན་ལྡན་ཞེས་ངོ་སྤྲོད་བྱས་པ་རེད།

热门新闻

热门图库

热门排行