གཙོ་གནད།2 详情

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཟླ7པའི་ཚེས11ཉིན་འཚོག་རྒྱུ་རེད།

2024-06-17 14:33:38 来源: 作者: 编辑:超级管理员

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་ལྔ་པ་ཟླ7པའི་ཚེས11ཉིན་ཟི་ལིང་དུ་འཚོག་རྒྱུ་རེད།  ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་ཤེས་གསལ་ལྟར་ན། ཡུལ་ཁོངས་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་ཟབ་མོར་སྤེལ་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་པ། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནན་ཏན་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་། མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུའུ་བཅས་ཀྱིས་སྒྲུབ་འགན་འཁུར་བའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས25པ་ཟླ7པའི་ཚེས11ཉིན་ནས་ཚེས15ཉིན་བར་ཟི་ལིང་གྲོང་ཁྱེར་དུ་འཚོག་རྒྱུ་རེད།

སྐབས་འདིའི་ཚོང་གཏམ་གྲོས་ཚོགས་ནི་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་ཡིན་པ་དང་། སྐུ་མགྲོན་རྒྱལ་ཁབ་གཙོ་བོ་མ་ལེ་ཞི་ཡ་ཡིན་ལ། སྐུ་མགྲོན་གྲོང་ཁྱེར་གཙོ་བོ་ཐེན་ཅིན་གྲོང་ཁྱེར་ཡིན། རི་མཐོ་ཆུ་གཙང་གྲོགས་པོ་བཟང་པོར་འཕྲད། ཕྱི་ཕྱོགས་སྒོ་འབྱེད་མཚོ་སྔོན་ཡུལ་དུ་སྤེལ་ཞེས་པའི་དགའ་བསུ་ཚོགས་འདུ་དང་མགོ་རྩོམ་མཛད་སྒོ། སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་འགྲེམ་སྟོན་སྒོ་འབྱེད་མཛད་སྒོ། སྐུ་མགྲོན་གྲོང་ཁྱེར་གཙོ་བོའི་འགྲེམ་སྟོན་སྒོ་འབྱེད་མཛད་སྒོ། ཚོང་གཏམ་གྲོས་ཚོགས་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་ཀྲུང་ཕྱིའི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་སྐྱོད་པ། གཙང་གསུམ་འབྱུང་ཡུལ་དུ་ཤེས་རབ་འདུས། མཚོ་སྔོན་གསར་པར་རོགས་ཤུགས་འདོན་ཞེས་པའི་འཇོན་མིའི་ལས་གཞི་ཚོང་གཏམ་གྲོས་ཚོགས། ཀྲུང་གོ(མཚོ་སྔོན)སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཚོགས་འདུ། སྤྲིན་ཐོག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་བྱེད་སྒོ11ཡོད། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ། ལྗང་མདོག་རྩིས་ཤུགས་རྟེན་གཞི་འཛུགས་སྐྲུན། མཉམ་ལས་བརྗེ་རེས་སོགས་ལ་དམིགས་ནས་གཙོ་གནད་དུ་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། འགྲེམ་སྟོན་ལ་ཕྱིའི་འགྲེམ་སྟོན་ཁུལ་དང་ནང་གི་འགྲེམ་སྟོན་ཁུལ་གཉིས་སུ་དགར་རྒྱུ་རེད།

   སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དངོས་འབེབས་ཟབ་མོ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་དངོས་འབེབས་ནན་ཏན་བྱེད་པ། ཆེ་ཤོས་གསུམ་གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་མྱུར་ཏུ་འདྲེས་སུ་འཇུག་པ། སྤུས་ཚད་མཐོ་བའི་འཕེལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་དམིགས་པ། ལྗང་མདོག་ཐཱན་དམའ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་མྱུར་ཏུ་ཆགས་པར་བྱེད་པ། རྒྱ་སྐྱེད་གསར་གཏོད་དང་བློ་བརྟན་མདུན་སྐྱོད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ལེན་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་བརྩམ་རྒྱུ་རེད། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་མགོ་ཁྲིད་དང་སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་པུའུ་ཀྲང་རིམ་པའི་ཡན་གྱི་དཔོན་རིགས། ཀྲུང་གོར་སྡོད་པའི་གཞུང་ཚབ་ཕོ་ཉ། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ། ཞིང་ཆེན་རིམ་པའི་མགོ་ཁྲིད། ཡོན་ཧྲི། ཁེ་ལས་གྲགས་ཅན་བཅས་ཀྱི་འགན་ཁུར་མི་སྣ་དང་ཆེད་མཁས་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་རྒྱུ་རེད། ། 


热门新闻

热门图库

热门排行