གཙོ་གནད།2 详情

ཁྲིན་ཀང་མཚོ་སྔོན་པོའི་མཐའ་སྐོར་དུ་བསྡད་དེ་རྟོག་ཞིབ་བྱས་པ།

2024-06-04 09:06:13 来源: 作者: 编辑:超级管理员

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས29ནས་ཚེས31ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་སྔོན་པོའི་མཐའ་སྐོར་དུ་དངོས་སྡོད་རྟོག་ཞིབ་བྱས་པར་མ་ཟད། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུ་དང་རྟོག་ཞིབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དེ་གོ་གནས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས“ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ”བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་པར་སྐུལ་འདེད་ནུས་ལྡན་བཏང་ནས། མཚོ་སྔོན་པོ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི“གོང་མའི་ཅོད་པན་ཐོག་གི་ནོར་བུ་སྔོན་པོ་”ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

ཉིན་གསུམ་གྱི་རིང་ལ། ཁྲིན་ཀང་མཚོ་སྐོར་ས་ཁུལ་ཏེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དང་།  མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་། མཚོ་བྱང་ཁུལ་རྐང་ཚ་རྫོང་དང་མདའ་བཞི་རྫོང་། དེ་མིན་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་བཅས་སུ་བསྐྱོད་དེ་ཡུལ་དངོས་སུ་རྟོག་ཞིབ་དང་དུས་ངེས་མེད་དུ་སྐོང་འཐེན་ཞིབ་བཤེར། ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་དང་། བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་བྱས་པ་དང་། བརླན་ས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། གཞི་རིམ་སྲུང་སྐྱོབ་ས་ཚིགས་འཛུགས་སྐྲུན། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ། བཙོག་ཆུ་དང་གད་སྙིགས་གཙང་སེལ། དམིགས་བསལ་ཆོག་མཆན་འགོད་པའི་ཚོང་གཉེར་ཐད་འཚོལ་ཞིབ་དང་། ཡུལ་སྐོར་གྱི་ཞིང་སྦྲེལ་ཞིང་ཁྲིད་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། བསམ་འཆར་བསྡུ་ལེན་དང་གནད་དོན་ལ་དབྱེ་ཞིབ། ཡུལ་དངོས་སུ་སོང་ནས་ཞིབ་འཇུག་ཐག་གཅོད་བཅས་བྱས་པར་མ་ཟད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་མིར་འཚམས་འདྲི་བྱས། ཁྲིན་ཀང་གིས་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་དུ་མི་གཏོང་བའི་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་གད་སྙིགས་ཐག་གཅོད་བྱེད་ས་དང་བཙོག་ཆུ་གཙང་སེལ་སྒྲིག་བཀོད། ཞིང་ཕྱུགས་ལས་ཐད་ཀྱི་སྦགས་བཙོག་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མཛེས་དཔྱོད་ནུས་པ་ཇེ་ཆེར་གཏོང་བ་དང་མཚོ་སྐོར་གཞུང་ལམ་དང་ཞིང་སྡེའི་ཁྱིམ་ཚང་མགྲོན་ཁང་སོགས་ཀྱི་ཡུལ་སྐོར་རྣམ་པར་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཞིང་སྦྲེལ་ཞིང་ཁྲིད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་རྩ་འཛུགས་ལྡན་པའི་ཚད་ལྡན་གྱི་ཚོང་གཉེར་བརྒྱུད་དེ། མཚོ་སྐོར་མང་ཚོགས་ཀྱིས“སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས”ཡོང་སྒོ་འཚོལ་ཐུབ་པར་བྱེད་དགོས། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་དཔུང་ཁག་བེད་སྤྱོད་ཡག་པོ་བྱས་ནས། དོ་དམ་སྲུང་སྐྱོབ་པ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་ཁ་ཤེས་རྟོགས་བྱེད་པའི“སོ་དམག”ཏུ་འགྱུར་བར་བྱེད་དགོས་པ་བསྟན། 

ཁྲིན་ཀང་གིས་སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏིངས་པའི་རྨང་གཞིའི་སྟེང་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་དང་། རིམ་པ་སོ་སོའི་ལས་བྱེད་པས་རྡོག་རྩ་གཅིག་སྒྲིལ་དང་བྱ་བ་ཏན་ཏིག་གིས་བསྒྲུབས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།  མཚོ་སྔོན་པོ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསྡུས་གཟུགས་ཤིག་ཡིན་པས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་གོ་བ་ནན་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཡུལ་སྐོར་བྱ་བར་བཏོན་པའི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཉམ་དུ་སྲུང་སྐྱོབ་དང་གསར་སྤེལ་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གུས་སྐྲག་གི་བསམ་པས་སྐྱེ་ཁམས་སྲུང་སྐྱོབ་ལ་ཡས་མཐའ་མེད་པ་དང་། ཡུལ་སྐོར་འཕེལ་རྒྱས་ལ་མས་མཐའ་ཡོད་པ། གནས་ལུགས་ཆུང་ཆུང་གིས་གནས་ལུགས་ཆེན་པོར་བརྩི་སྲུང་བྱེད་དགོས། ཡང་དག་པའི་བསམ་ཕྱོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་དགོས་པ་དང་། རྩེ་རིམ་ཇུས་འགོད་དང་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་པ། འཆར་འགོད་སྔོན་ལ་སྤེལ་བ་དང་གཅིག་གྱུར་འཆར་འགོད་ལ་མཐོང་ཆེན་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། “སྒྲིག་སྲོལ་མང་པོ་གཅིག་བསྡུས”རྒྱུན་འཁྱོངས་དང་། ལྡོག་ཕྱོགས་ཀྱི་གསལ་ཁྲའི་དོ་དམ་རྒྱུན་འཁྱོངས།  ཞིབ་ཕྲས་རྒྱལ་ཕམ་ཐག་གཅོད་པ་རྒྱུན་འཁྱོངས། འཆར་འགོད་བཟོ་འགོད་དང་ལག་བསྟར་ལ་གཅིག་གྱུར་བསམ་གཞིགས་བཅས་རྒྱུན་འཁྱོངས་བྱས་ནས་འཆར་འགོད་ཀྱི་དངོས་ཕན་རང་བཞིན་དང་བཀོལ་སྤྱོད་རང་བཞིན། ལག་བསྟར་ཚོད་འཛིན་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། ཐོབ་སླ་མོ་མིན་པའི་འཕེལ་རྒྱས་ཀྱི་རྣམ་པར་གཅེས་སྤྲས་བྱས་ཏེ། མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ངེས་ཤུགས་སྲུང་འཛིན་དང་ཡུན་རིང་འབད་བརྩོན་བྱས་ནས་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པའི་འདུ་ཤེས་འཛུགས་དགོས་ཤིང་། གནས་པའི་ཉེན་ཁའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། གནད་དོན་རྒྱབ་ཀྱི་དམའ་རིམ་གཏན་ཚིགས་ལ་གོ་བ་གཏིང་ཟབ་ལེན་པ། བྱ་བའི་ཐབས་ལམ་ཡང་དག་པར་བཙལ་ནས་བྱ་བ་ཏན་ཏིག་གིས་སྒྲུབ་དགོས། ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་འཕེལ་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ་བ། “ལམ་ཡང་དག་པར་བསྐྱོད་ན་རྒྱང་ཐག་རིང་པོར་མི་སྐྲག་པའི”ཡིད་ཆེས་ཇེ་བརྟན་དུ་བཏང་ནས། “ཅི་ཙམ་སྒྲུབ་ན་དེ་ཙམ་གྱིས་སྒྲུབ་ཤེས་པ་དང་། ཅི་ཙམ་སྒྲུབ་ན་དེ་ཙམ་གྱིས་སྒྲུབ་ཐུབ་པ། ཅི་ཙམ་སྒྲུབ་ན་དེ་ཙམ་གྱིས་སྒྲུབ་འདོད་པའི”འཁོར་རྒྱུག་བཟང་པོ་ཆགས་པར་བྱས་ཏེ།“གཞན་གྱིས་ལན་གཅིག་འབད་ན་རང་གིས་ལན་བཅུར་འབད་པའི”སྙིང་སྟོབས་ཀྱིས་བྱ་བ་སྣ་ཚོགས་མགྱོགས་མྱུར་གྱིས་སྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་དང་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཞེས་ནན་གྱིས་བསྟན།

ལིའུ་ཐུང་ཏི་དང་ལིའུ་ཐའོ། ཧི་ལུའུ་ཁྲུན་བཅས་རྟོག་ཞིབ་ལ་ཞུགས། ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན། ལུའི་ཀང་བཅས་འབྲེལ་ཡོད་གྲོས་ཚོགས་དང་རྟོག་ཞིབ་ལ་ཞུགས།


热门新闻

热门图库

热门排行