གཙོ་གནད།2 详情

སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་སྲོལ་ཡིག་ཟླ8པ་ནས་ལག་བསྟར་བྱ་རྒྱུ་རེད།

2024-05-31 09:24:32 来源: 作者: 编辑:超级管理员

《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》ཟླ8པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

ཟླ5ཚེས24 ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་དུ《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》གཤམ་དུ་(སྲོལ་ཡིག་ཅེས་བསྡུས་མིང་འགོད་རྒྱུ) ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 《སྲོལ་ཡིག》དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ནས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་འབྲེལ་ཏེ་གཏན་འབེབས་ཐོག་བཟོས་ནས2024 ལོའི་ཟླ 8 ཚེས 1 ཉིན་ནས་ལག་ལེན་བསྟར་རྒྱུ་རེད།

《སྲོལ་ཡིག》དེར་ཁྱོན་བསྡོམས་དོན་ཚན་དོན་དྲུག་ཡོད་དེ། སྤྱི་དོན་དང་། སྐྱེ་ཁམས་བདེ་འཇགས་འགན་སྲུང་། རང་བྱུང་སྲུང་སྐྱོང་བྱེད་ས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། སྐྱེ་ཁམས་རིག་གནས་སྲུང་སྐྱོང་དང་དར་སྤེལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད། འགན་སྲུང་དང་ལྟ་སྐུལ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་དོན་ཚན་བཅུ་གཅིག་བཅས་ཀྱིས་གྲུབ་ཅིང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་ཐུབ།

《སྲོལ་ཡིག》ནང་རྒྱལ་ཁབ་ཀྱི་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ནང་དོན་དང་ཚད་གཞི་ཁ་གསལ་བཟོས་ཡོད་པ་དང་། བྱེད་སྒོ་གཉེར་སྐྱོང་ལ་དམིགས་བསལ་ཆོག་མཆན་སྤྲོད་པ་དང་། རྨོ་ཞིང་སྲུང་སྐྱོང་། བྱེ་འགྱུར་ཅན་ལ་བཅོས་སྐྱོང་བྱེད་པའི་སྐོར་གྱི་གཏན་འབེབས་འཐུས་ཚང་དུ་བཏང་བ་དང་ཆབས་ཅིག དཔྱད་ཞིབ་ཀྱི་གཏན་འབེབས་འཐུས་ཚང་དུ་བཏང་ནས“བཅའ་ཁྲིམས་ཀྱི་འགན་འཁྲི”ཞིབ་ཅིང་ཕྲ་བ་བཟོས།

《སྲོལ་ཡིག》ནང་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་དང་སྲོལ་ཡིག་དེའི་གཏན་འབེབས་དང་འགལ་ནས་འབྲེལ་ཡོད་འགན་འཁྲིའི་ཁྲོད་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། རང་གི་ཁེ་ཕན་ཆེད་དུ་གཞན་གྱི་མགོ་གཡོག་པའི་བྱ་སྤྱོད་ཡོད་ན། འགན་དེ་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ཁྲིམས་ལྟར་ཐ་ཚིག་བསྒྲག་རྒྱུ་མ་ཟད་སྐྱོན་ཐོ་འགོད་རྒྱུ། ཡང་ན་ཚབས་ཆེ་བའི་སྐྱོན་ཐོ་འགོད་པའམ་རིམ་པ་ནས་མར་འབེབས་པ་བཅས་ཀྱི་ཆད་པ་གཅད་དགོས་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ལས་གནས་ལས་དབྱུང་བའམ་ཡང་ན་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ་མ་ཟད། དེའི་འགན་འཁུར་པ་གཙོ་བོས་འགན་འཛོལ་དགོངས་ཞུ་བྱེད་དགོས་པ་གཏན་འབེབས་གསལ་བོ་བྱས་ཡོད།

《སྲོལ་ཡིག》ནང"ས་ནག་དང་བརླན་སར་འདམ་བག་བསྔོགས་འདོན་བྱེད་པའམ་ཡང་ན་ས་སྦོལ་པ། རང་བྱུང་གི་བརླན་ས་འབུད་སྐམ་བྱེད་པ" དང་། "རང་དགར་གྱིས་ཕྱི་ནས་ནང་འདྲེན་བྱས་པའི་སྲོག་ཆགས་དང་དངོས་རྫས་རིགས་གང་བྱུང་དུ་གཡུག་པ།" "ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་ལ་གཏོར་བརླག་གཏོང་བ "སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཚང་མས་བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་འཁུར་དགོས་པ་ཁ་གསལ་བཟོས་ཡོད། དེ་དང་ཆབས་ཅིག རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པ་ཡིན་ན། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལས་ཁུངས་སམ་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་རྩ་འཛུགས་ལ་ཁེ་དབང་གནོད་འཚེ་གཏོང་མཁན་གྱིས་གཏོར་བརླག་བྱས་ཚད་ཚང་མ་ཁྲིམས་ལྟར་ཉམས་གསོའི་འགན་དང་གུན་གསབ་ཀྱི་འགན། འབྲེལ་ཡོད་གྲོན་དངུལ་གྱི་འགན་བཅས་འགན་འཁུར་དགོས་པར་རེ་ཞུ་བྱེད་དབང་ཡོད་པ་གསལ་འབེབས་བྱས་ཡོད་དོ། །


热门新闻

热门图库

热门排行