སྒྲོན་བརྙན། 详情

རྨ་བྱང་ཤང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ།

2024-05-20 09:41:07 来源: 作者: 编辑:超级管理员

ཐུན་ཏེ་རྫོང་རྨ་བྱང་ཤང་གིས་ཁྱིམ་བཅར་བྱ་འགུལ་གྱི་རྣམ་པར་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

图片

ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་ཆེད། ཐུན་ཏེ་རྫོང་རྨ་བྱང་ཤང་གིས་ཁྱིམ་བཅར་བྱ་འགུལ་སྤེལ་ནས་ཏང་ཡོན་རྒན་པ་རྣམས་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ལེའུ་རེ་རེ་དང་དོན་ཚན་རེ་རེ་བཞིན་དྲིལ་སྒྲོག་དང་ཁྲིད་སྟོན་བྱས་ཏེ། ཏང་ཡོན་རྒན་པ་རྣམས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་ཤེས་རྟོགས་ཐུབ་པར་འགན་ལེན་བྱས།

བྱ་འགུལ་ཁྲོད་ལས་སྒྲུབ་མི་སྣས་ཁོངས་གཏོགས་ས་ཁུལ་གྱི་ལོ་ན་རྒན་པ་དང་འགྲོ་འོང་སྟབས་མི་བདེ་བའི་ཏང་ཡོན་རྒན་པར་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་སློབ་སྦྱོང་རྒྱུ་ཆ་སྤྲད་དེ། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་དོན་སྙིང་གལ་ཆེན་འགྲེལ་བཤད་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་ཤེས་རྟོགས།  བརྩི་སྲུང་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས།

图片

ཁྱིམ་བཅར་བརྒྱུད་རིམ་ཁྲོད་ལས་སྒྲུབ་མི་སྣ་དག་གིས་ཏང་ཡོན་རྒན་པ་རྣམས་དང་བྱམས་བརྩེའི་གླེང་མོལ་བྱས་ཤིང་། ཁོ་ཚོའི་གཟུགས་གཞི་བདེ་ཐང་དང་འཚོ་བའི་གནས་ཚུལ། བསམ་བློའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་ནས་ཏང་ཡོན་རྒན་པ་རྣམས་ཏང་ནང་གི་འཚོ་བར་ཧུར་ཐག་གིས་ཞུགས་རྒྱུ་དང་། ཏང་རྩ་འཛུགས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོན་ཐོན་གྱི་ངོ་བོ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ལ། རྨ་བྱང་ཤང་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ཏེ། དྲང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པའི་སྐུལ་མ་བཏང་།    ཏང་ཡོན་རྒན་པ་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་ཁྱིམ་བཅར་བྱ་འགུལ་ལས་ཁོ་ཚོས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གསར་པ་ཤེས་རྟོགས་བྱུང་བ་མ་ཟད། ཏང་རྩ་འཛུགས་ཀྱི་དྲོད་ཁོལ་དང་ཐུགས་ཁུར་ཡང་ཚོར་བྱུང་ལ། ཏང་རྩ་འཛུགས་ཀྱིས་བསམ་བློའི་རྒྱགས་ཕྱེ་བསྩལ་བར་བཀའ་དྲིན་ཞུ་རྒྱུ་དང་མ་འོངས་པར་ཁོ་ཚོས་མུ་མཐུད་དུ་ནུས་ཤུགས་འདོན་སྤེལ་བྱས་ནས། རྨ་བྱང་གི་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན།

图片

ཐེངས་འདིའི་ཁྱིམ་བཅར་བྱ་འགུལ་བརྒྱུད། ཏང་རྩ་འཛུགས་དང་ཏང་ཡོན་རྒན་པའི་བར་ཐག་སྔར་ལས་ཇེ་ཉེར་བཏང་ཞིང་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས། ལས་རིམ་རྗེས་མར། རྨ་བྱང་ཤང་གི་ཏང་ཀྲི་པུའུ་ཡིས་ཁྱིམ་བཅར་བྱ་འགུལ་མུ་མཐུད་དུ་སྤེལ་བ་དང་།  སློབ་སྦྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་ཕུན་སུམ་ཚོགས་པར་བཏང་སྟེ། ཏང་གི་བསམ་བློ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྒྲོག་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོན་པོའི་ངང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཏང་ཡོན་རེ་རེའི་སེམས་སུ་འཇགས་པར་སྐུལ་འདེད་གཏོང་རྒྱུ་རེད།

热门新闻

热门图库

热门排行