གནད་བསྡུས། 详情

མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ལ《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》ཞེས་པའི་དཔེ་ཚོགས་གནང་སྦྱིན་མཛད།

2024-05-16 09:10:47 来源: 作者: 编辑:超级管理员

ཟླ5ཚེས14ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་ལས་སྒོའི་གཞུང་སྒྲུབ་ཁང་དང་། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་བའི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》དཔེ་སྦྱིན་གནང་བའི་མཛད་སྒོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས་ཤིང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་གཞུང་ལས་ལས་ཁུངས་དང་བོད་ཀྱི་དགོན་སྡེ43ལ་དཔེ་སྦྱིན་གནང་བ་དང་། རིག་མཛོད་དེའི་ནང་བོད་ཀྱི་གཏན་ཚིག་རིག་པ་དང་།  སྤྱི་ཚོགས་ཚན་རིག  རྩོམ་རིག་སྒྱུ་རྩལ། རང་བྱུང་ཚན་རིག  བཟོ་སྐྲུན་ལག་རྩལ་ལ་སོགས་རིག་ཚན66གི་ཤེས་བྱའི་ཁྱབ་ཁོངས་འདུ་པས་སྣ་འཛོམས་ཅན་གྱི་སྲོལ་རྒྱུན་བོད་ཀྱི་རིག་མཛོད་ཆེན་པོ་ཞིག་རེད། 

2013ལོར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཅན་མྱུར་སྐྱོབ་དང་། སྲུང་སྐྱོང་དར་སྤེལ་བཅས་གཏང་ཆེད《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》རྩོམ་སྒྲིག་གི་མགོ་བརྩམས་ཏེ། དུས་ཡུན་ལོ་ངོ15ཡི་རིང་ལ་བོད་བཙན་པའི་དུས་ནས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་སྔོན་གྱི་བོད་ཡིག་གི་ཡིག་ཚགས་དང་གསུམ་རྩོམ་ལེགས་སྒྲིག་པར་བསྐྲུན་གྱི་འཆར་གཞི་བཟོས།  དེ་ལས་མཚོ་སྔོན་ལས་དོན་ས་ཚིགས་ནི་སྤྱི་ལོ2016ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་དུ་བཙུགས། 

ལས་གཞི་དེ་མགོ་བརྩམས་ནས་བཟུང་། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》གཞུང་སྒྲུབ་ཁང་གིས་ཆེད་མཁས་ཨུ་ལྷན་སྒྲིག་འཛུགས་བྱས་ཏེ།  ས་གནས་སོ་སོས་བདམས་སྐྱེལ་བྱས་པའི་བོད་ཡིག་གི་ཡིག་ཚང་ལ་ཞིབ་འཇུག་ཡང་ཡང་དང་། འདེམ་གསེས། གཤིབ་སྡུར་བཅས་རབ་དང་རིམ་པ་བྱས་མཐར།  《ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ》སོགས་རྣམ་གྲངས37དང་གསུང་རྩོམ1100ལེགས་སྒྲིག་པར་བསྐྲུན་བྱ་བའི་ལས་འགན་གཏན་འཁེལ་བྱས།  ད་སྔའི་བར་དུ《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》སོགས་བམ་པོ201ཡི་བདག་ཉིད་ཅན་གྱི་གསུང་འབུམ12དཔེ་སྐྲུན་མཛད།  

རིག་མཛོད་ཆེན་མོ་རྩོམ་སྒྲིག་དང་པར་བསྐྲུན་གྱི་ལས་ནི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཆ་ཚང་ཞིང་ཕུན་སུམ་ཚོགས་པོ་ཡོང་བར་དོན་སྙིང་ལྡན་ཞིང་།  མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རྒྱུད་ལ་རྒྱལ་ཁབ་ཀྱི་ལྟ་བ་ཡང་དག་དང་། ལོ་རྒྱུས་ཀྱི་ལྟ་བ།  མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་ཡང་དག་འཇུག་པར་སློབ་གསོ་དང་ཁྲིད་སྟོན་གྱི་ནུས་པ་ངེས་ཅན་ལྡན་པར་མ་ཟད།  ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་ཡང་ནུས་པ་གལ་ཆེན་ཐོན་ངེས་ཞེས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཅིན་ཡུས་ཀྱིས་དེ་སྐད་ཟེར། 

དཔེ་སྦྱིན་མཛད་སྒོ་དེ《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》གཞུང་སྒྲུབ་ཁང་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གཉིས་ཀྱིས་སྒྲུབ་འགན་ཁུར་ནས་སྤེལ་བ་རེད། 

热门新闻

热门图库

热门排行