གནད་བསྡུས། 详情

རང་ཁུལ་གྱིས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བསྡུས་པ།

2024-03-06 17:09:50 来源: 作者: 编辑:

རང་ཁུལ་གྱིས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བསྡུས་པ། 

    ཉེ་སྔོན། རང་ཁུལ་གྱིས་ཁུལ་ཡོངས་གྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་འཛུགས་སྐྲུན་བྱ་བའི་དགོངས་དོན་གལ་ཆེན་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ཁུལ་ཨུའི་བླང་བྱ་ལག་བསྟར་བྱེད་པ། 2023ལོའི་རྩ་འཛུགས་བྱ་བར་སྤྱི་བསྡོམས་དང2024ལོའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡོན་ཡུའུ་ལུང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།

image.png

    ཚོགས་འདུ་ལས་འདས་པའི་ལོ་གཅིག་གི་རིང་ལ་རང་ཁུལ་གྱི་རྩ་འཛུགས་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་མཛུབ་སྟོན། རྩ་འཛུགས་ལས་བྱེད་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཆབ་སྲིད་འཛུགས་སྐྲུན་གྱི་སྣེ་ཁྲིད་གཙོ་གནད་དུ་འཛིན་པ་དང་། སྲུང་སྐྱོང་གཉིས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། བརྗོད་དོན་སློབ་གསོའི་གྲུབ་འབྲས་མངོན་གསལ་ཡིན་པ། ཡང་དག་པའི་མི་སྣ་འདེམས་བསྐོ་བྱ་བ་རྒྱུན་འཁྱོངས། སྲིད་གཙང་གི་ལས་སྒོ་གསར་སྤེལ་བྱ་བའི་ཁོར་ཡུག་བསྐྲུན་པ། ཐོན་ལས་དང་འཇོན་མི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཇེ་རྒྱས་སུ་གཏོང་བ། ཕན་ནུས་གཉིས་ཀྱི་ནུས་ཤུགས་མངོན་པར་བཏོན་ཏེ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་དང་ཁྱོན་ཡངས་པའི་གུང་ཧོའི་གཤོངས་ས་དར་རྒྱས་ཡོང་བར་རྩ་འཛུགས་ལས་བྱེད་ཀྱིས་བློ་གྲོས་དང་ནུས་པ་འདོན་དགོས་ཞེས་བསྟན། 

image.png


    ཚོགས་འདུ་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་འགན་འཁུར་མངོན་འགྱུར་ཡོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། རྩ་འཛུགས་བྱ་བས་ཁག་ཐེག་ལྟེ་གནས་ཀྱི་འགན་ཁུར་ཧ་ཅང་ལྕི་ལ།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས་དང་། ལས་བྱེད་བཟང་བོའི་ཚད་གཞི་ལྟར་འཇོན་མི་འདེམས་བསྐོ་བྱེད་པ། བྱ་བའི་དགོས་མཁོ་ལྟར་ཤེས་ལྡན་མི་སྣ་གདན་འདྲེན་བྱེད་པ། ཏང་འཛུགས་སྣེ་ཁྲིད་ཀྱིས་རྨང་གཞི་བརྟན་པོ་འཇོག་པར་རྒྱུན་འཁྱོངས་བྱེད་པ། སློབ་གསོའི་དོ་དམ་ཞིབ་ཕྲ་ནན་མོ་བྱེད་པར་རྒྱུན་འཁྱོངས་བྱེད་པ་བཅས་བྱ་དགོས།

image.png

    ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་རང་རྟོགས་ཀྱིས་སྒོ་ནས་ལས་བྱེད་ཀྱིས་བྱ་བ་ནན་ཏན་གྱིས་བསྒྲུབ་པའི་ཆབ་སྲིད་རང་རྟོགས་ལ་ཤུགས་སྣོན་པ་དང་། བྱ་བའི་འགན་ཁུར་ཕོད་པ། བྱ་བ་ནན་ཏན་གྱིས་བསྒྲུབ་པ། བྱ་བར་སྣེ་ཁྲིད་བྱེད་པའི་གདོང་ལེན་པ་བྱ་དགོས་ཤིང་། མུ་མཐུད་དུ་སྤྱི་ཡོངས་ཀྱི་འདུ་ཤེས་ལ་ཤུགས་བསྣན་ཏེ་རྒྱང་རིང་གི་བསམ་བློའི་དམིགས་འབེན་ལ་བསམ་བློ་གཏོང་བ་དང་། རྩ་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།

    གུང་ཧོ་དང་ཁྲི་ཀ་རྫོང་ཨུའི་རྩ་འཛུགས་པུའུ་དང་ཁུལ་སློབ་གསོ་ཅུའུ་བཅས་ཀྱིས་གཏམ་བཤད་གནང་ཞིང་། ཀོས་ནན། ཐུན་ཏེ། ཞིན་ཧེ་རྫོང་བཅས་ཀྱི་རྫོང་ཨུའི་རྩ་འཛུགས་པུའུ་དང་ཁུལ་དམངས་སྲིད་ཅུའུ་བཅས་ཀྱིས་ཡིག་ཐོག་ནས་བགྲོ་གླེང་བྱས།


热门新闻

热门图库

热门排行