གནད་བསྡུས། 详情

ད་ལོ་མཚོ་ལྷོ་ཁུལ་གྱིས་དམངས་ལ་དོན་ཆེན20བསྒྲུབ་རྒྱུ་རེད།

2024-02-06 14:22:53 来源: 作者: 编辑:

གཅིག མ་དངུལ་སྒོར་དུང་ཕྱུར1.72བཏང་སྟེ་སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ། མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་བཅས་ཀྱི་ས་ཆ་བསྡུ་སྤྱོད་ཁ་གསབ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏང་རྒྱུ།

གཉིས། མ་དངུལ་སྒོར་དུང་ཕྱུར2.47བཏང་ནས་མཛེས་པའི་ཞིང་སྡེ30འཛུགས་སྐྲུན་བྱ་རྒྱུ་དང་རོང་འབྲོག་ཁྱིམ་ཚང5000ཡི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར1.92བཏང་ནས་ཞིན་ཧེ་རྫོང་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་བཟོ་སྐྲུན་ཐང་ནག་གནས་སྤོར་བཀོད་སྒྲིག་ཁུལ་གྱི་སྡེ་བ་གསུམ་གྱི་གནས་སྤོར་མང་ཚོགས་ཀྱི་སྒེར་སྐྲུན་ཁང་བ་གཅིག་གྱུར་འཆར་འགོད་ལག་བསྟར་བྱ་རྒྱུ་ཏེ་ཞིང་པའི་ཡོང་འབབ་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རོང་འབྲོག་ཁུལ་གྱི་སྡོད་ཁང་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏང་རྒྱུ།

གསུམ།མ་དངུལ་སྒོར་དུང་ཕྱུར1.85བཏང་ནས་ཀོས་ནན་དང་།ཐུན་ཏེ།ཞིན་ཧེ་བཅས་རྫོང་གསུམ་གྱི་ནུས་རྒྱུ་གཙང་མའི་དྲོད་འདོན་རྒྱ་སྐྱེད་གཏང་རྒྱུ་དང་། གུང་ཧོ་རྫོང་གི་གྲོང་ཁུལ་གཙོ་བོ་དང་མཁར་ལྷོ་ཁུལ་གྱི་ས་འོག་ཚ་ནུས་ཀྱི་དྲོད་འདོན་བསྒྱུར་བཅོས་ལས་གཞི་ལག་བསྟར་བྱས་ཏེ་ནུས་རྒྱུ་གཙང་མའི་དམངས་ཚིས་ཇེ་ལེགས་སུ་གཏང་རྒྱུ་དང་། རྡོ་སོལ་གློག་སྒྱུར་གྱི་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏང་རྒྱུ། མི་དམངས་མང་ཚོགས་ཀྱི་དྲོད་རླངས་མཁོ་འདོན་གྱི་མ་རྩ་ཇེ་ཉུང་དུ་གཏོང་རྒྱུ་བཅས་ཐཱན་མེད་བྱ་བར་སྐུལ་འདེད་གཏང་རྒྱུ།

བཞི། མ་དངུལ་སྒོར་དུང་ཕྱུར3.31བཏང་ནས་ཞིང་ལས་དྲ་བ་སྲ་བརྟན་དང་རིམ་སྤོར་བཟོ་སྐྲུན་ལག་བསྟར་བྱས་ཏེ་མཚོ་ལྷོ་ས་ཁུལ་གྱི་གློག་འདོན་བདེ་འཇགས་དང་ཡིད་གཏད་རང་བཞིན་ཆེ་རུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ་བསྐང་ཐུབ་པར་བྱ་རྒྱུ།

ལྔ།མ་དངུལ་སྒོར་དུང་ཕྱུར2.12བཏང་ནས་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་། ཀོས་ནན་དང་ཞིན་ཧེ་རྫོང་གི་བཅོལ་སྐྱོང་ཞབས་ཞུའི་སྒྲིག་བཀོད། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་སོགས་སྨན་བཅོས་འཕྲོད་བསྟེན་གྱི་གཙོ་གནད་ལས་གཞི་ལག་བསྟར་བྱས་ཏེ།གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་དང་ནུས་པ་མུ་མཐུད་དུ་མཐོ་རུ་གཏང་རྒྱུ།

དྲུག མ་དངུལ་སྒོར་དུང་ཕྱུར4.2བཏང་ནས་ས་མུའུ་ཁྲི11.25ལ་སྡོང་འཛུགས་ནགས་སྐྲུན་དང་། ས་མུའུ་ཁྲི8.02ལ་རི་རྒྱ་ནགས་གསོ། ས་མུའུ་ཁྲི1ལ་ནགས་ཚལ་སླར་གསོ། ས་མུའུ་ཁྲི13.26ལ་རྩྭ་འདེབས་པ་དང་། ས་མུའུ་ཁྲི80ཡི་རྩྭ་ས་ལེགས་བཅོས། ས་མུའུ་ཁྲི1070.513ལ་ལྕགས་ར་སྐོར་བ། ས་མུའུ་ཁྲི4.26ལ་བྱེ་འགོག་བཅོས་སྐྱོང་བཅས་ལག་བསྟར་བྱ་རྒྱུ།

བདུན། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་ཁ་གསབ་མ་དངུལ་དང་ལོ་ན70ཡན་ལ་སོན་པའི་རྒན་པར་ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ། དབང་པོ་སྐྱོན་ཅན་འབྲིང་གྲས་དང་ཚབས་ཆེན་རིགས་གཉིས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2.1དོན་འཁྱོལ་བྱ་རྒྱུ་དང་། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས་དུས་ཐོག་ཏུ་རོགས་སྐྱོར་འགན་སྲུང་ཁྱབ་ཁོངས་སུ་བཞག་སྟེ། གཅིག་བསྡུས་གསོ་སྐྱོང་དང་སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་དྭ་ཕྲུག་སོགས་དཀའ་ངལ་ཡོད་པའི་བྱིས་པ་ཚོའི་ཁེ་དབང་ལ་འགན་སྲུང་བྱ་རྒྱུ།

བརྒྱད། མ་དངུལ་སྒོར་དུང་ཕྱུར3.2བཏང་ནས་ཆུ་བོ་ཆུང་འབྲིང་གི་བཅོས་སྐྱོང་དང་ལུང་ཤུར་བཅོས་སྐྱོང་། རོང་འབྲོག་ས་ཁུལ་གྱི་ཆུ་འདོན་འགན་སྲུང་སོགས་ཆུ་བེད་བཟོ་གྲྭ་དང་དམངས་ཚིས་ཆུ་བེད་ལས་གཞི་གལ་ཆེན་སོགས་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་ཆུའི་སྐྱེ་ཁམས་དོ་མཉམ་ཡོང་བར་སྲུང་སྐྱོང་དང་རོང་འབྲོག་ཁུལ་གྱི་སྡོད་མིའི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱ་རྒྱུ།

དགུ། མ་དངུལ་སྒོར་དུང་ཕྱུར5བཏང་ནས་གུང་ཧོ་དང་ཀོས་ནན། ཐུན་ཏེ་རྫོང་བཅས་ཀྱི་མཛེས་པའི་ཞིང་སྡེའི་གཞུང་ལམ་བསྐྱར་སྐྲུན་ལས་གཞི་སོགས་ལག་བསྟར་བྱས་ཏེ། འགྲིམ་འགྲུལ་རྨང་གཞིའི་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་འགྲིམ་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏང་རྒྱུ།

བཅུ་བ།རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར3.34དོན་འཁྱོལ་བྱས་ནས་རིག་སྟོབས་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས། མཉམ་འདྲེས། རིག་གནས་སློབ་གསོ། དམངས་ཚིས་ལེགས་བཅོས་བཅས་ཁྱབ་ཁོངས་ཆེན་པོ་ལྔའི་ལས་གཞི་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཏེ། ཁ་གཏད་རོགས་སྐྱོར་མ་དངུལ་གྱི80%ཡན་དམངས་ཚིས་ཁྱབ་ཁོངས་སུ་སྤྱོད་རྒྱུར་འགན་ལེན་བྱ་རྒྱུ།

བཅུ་གཅིག མ་དངུལ་སྒོར་ཁྲི6700བཏང་སྟེ།གྲོང་གསེབ་ཡུལ་སྐོར་དམངས་ཤག་དང་ཕྱི་རོལ་འགུལ་སྐྱོད་ཀྱི་སྤྱི་བའི་ཞབས་ཞུ།ཁམས་གསོ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་དང་།མ་དངུལ་སྒོར་ཁྲི9000བཏང་སྟེ་ཐུན་ཏེ་རྫོང་རྫོང་རུ་རིག་གནས་རྟེན་མཛོད་ཁང་འཛུགས་སྐྲུན་བྱས་ནས།རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་སྒོས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་ཏེ་ཐོན་འཕར་ཇེ་མགྱོགས་སུ་གཏང་རྒྱུ།

བཅུ་གཉིས། ཁུལ་གྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར1.3བཀོད་སྒྲིག་བྱས་ནས།ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རོགས་འདེགས་བྱ་རྒྱུ་དང་།དེའི་ཁྲོད་དུ་འཇོན་མི་འཕེལ་རྒྱས་ཐད་མ་དངུལ་སྒོར་ཁྲི1000དངོས་འབེས་བྱས་ནས།འཇོན་མི་དང་མྱུར་མཁོའི་འཇོན་མི་གདན་ཞུ་བྱས་ཏེ།ཁྱོན་ཡངས་པའི་གུང་ཧོ་གཤོངས་སའི་ལྗང་མདོག་གི་སྐྱེ་ཚད་དང་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འཇོན་མིའི་འདེགས་སྐྱོར་ཁག་ཐེག་བྱ་རྒྱུ་དང་།སློབ་གསོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཇོན་མི་གདན་ཞུའི་ཐད་མ་དངུལ་སྒོར་ཁྲི1000བཏང་སྟེ།སློབ་གསོ་དང་འཕྲོད་བསྟེན་ཐད་ཀྱི་འཇོན་མིའི་དཔུང་སྡེའི་གཞི་ཁྱོན་དང་སྒྲིག་གཞི།སྤུས་ཚད།ཕན་འབྲས་བཅས་གཞོགས་འདེགས་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་དང་།ཁེ་ལས་ཆུང་འབྲིང་གྲས་ཀྱི་འཕེལ་རྒྱས་ཐད་ལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི1000བཏང་སྟེ།ཁུལ་ཡོངས་ཀྱི་ཁེ་ལས་ཆུང་བའི་རིགས་ཀྱི་གཏན་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ཐད་ལ་སྐུལ་འདེད་བྱ་རྒྱུ།རྒྱལ་སྤྱིའི་ཡུལ་སྐོར་ཞིང་ཁྱིམ་སྤྲོ་ར་བསྐྲུན་པའི་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི1000བཏང་སྟེ།ཁུལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ།ཞིང་ཕྱུགས་ཐོན་ལས་ཀྱི་འཕེལ་རྒྱས་ཐད་མ་དངུལ་སྒོར་ཁྲི1000བཏང་སྟེ།ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་།ཞིང་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་གྱི་ཕན་འབྲས་གོམ་གང་མདུན་སྤོས་སྒོས་མཐོ་རུ་བཏང་ནས་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་གཏང་རྒྱུ།ནོར་སྲིད་ལ་སྦྲེལ་ནས་གྲོང་གསེབ་དར་སྤེལ་ཐད་མ་དངུལ་སྒོར་ཁྲི1000བཏང་སྟེ།ཁུལ་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གྲུབ་འབྲས་ལས་བྱ་བ་སོ་སོ་བདེ་བླག་ངང་སྤེལ་བར་སྦྲེལ་མཐུད་བྱ་རྒྱུ།སློབ་གསོའི་འཕེལ་རྒྱད་ཐད་ཁ་གསབ་མ་དངུལ་སྒོར་ཁྲི1000བཏང་སྟེ།སློབ་གསོའི་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་ནུས་ཤུགས་ཡོད་དགུས་རོགས་སྐྱོར་བྱ་རྒྱུ་དང་།ལས་གཞི་གཙོ་བོའི་ཐད་ཀྱི་ལས་གཞི་སྔོན་གྱི་སྤྱོད་དངུལ་སྒོར་ཁྲི2000གཏོང་བ་དངོས་འབེབས་ཁག་ཐེག་བྱ་རྒྱུ་དང་།གཞི་གྲངས་ཆེན་མོའི་ཆ་འཕྲིན་ཅན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཆ་འཕྲིན་ཅན་གྱི་ཞབས་འདེགས་ཐད་མ་དངུལ་སྒོར་ཁྲི4012གཏོང་བ་དངོས་འབེབས་རོགས་སྐྱོར་བྱ་རྒྱུ།

བཅུ་གསུམ།མ་དངུལ་སྒོར་ཁྲི5000བཏང་སྟེ།སྐམས་ལུག་ཁྲི་སྟོང་མང་པོ་འདུས་པའི་ཚད་ལྡན་ཅན་གྱི་གསོ་སྤེལ་གཞི་ས39དང་སྐྱེ་ཁམས་གསོ་སྤེལ་ཕྱུགས་ར13འཛུགས་སྐྲུན་བྱ་རྒྱུ་དང།སྐོར་ཐེངས་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་བྱ་དགའི་སྒྲིག་སྲོལ་དང་རྨོ་ཞིང་སྲུང་སྐྱོང་གི་སྲིད་ཇུས་དངོས་འབེབས་བྱས་ཏེ།ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར5.87གཏང་རྒྱུ།

བཅུ་བཞི།མ་དངུལ་སྒོར་ཁྲི4665.91དངོས་འབེབས་བྱས་ཏེ།ལོ0ནས6བར་གྱི་བྱིས་པ་དང་ལོ7ནས17བར་གྱི་སློབ་མ།ལོ18ནས59བར་གྱི་མཁར་ཤང་སྡོད་དམངས་དང་།ལོ60ཡན་གྱི་བགྲེས་པོ་སྟེ་ལོ་མཚམས་བཞིའི་ཆ་རྐྱེན་ལྡན་པའི་མི་ཚོགས་ལ་སྐོར་དང་པོའི་ལུས་པོར་རིན་མེད་བརྟག་དཔྱད་བྱ་རྒྱུ། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་པར་སྨན་རྫས་གནང་སྟེ།སྡོད་དམངས་ཀྱི་བདེ་ཐང་འདུ་ཤེས་དང་སྡོད་དམངས་ཀྱི་བདེ་ཐང་གཙོ་བོ་ཡིན་པ་སྲུང་སྐྱོང་བྱ་རྒྱུ།

བཅོ་ལྔ།ལས་ཞུགས་ཆེད་སྤྱོད་མ་དངུལ་སྒོར་ཁྲི6000དངོས་འབེབས་བྱས་ཏེ།ཁུལ་ཡོངས་ཀྱི་མཁར་གྲོང་གསར་སྣོན་བྱས་པའི་ལས་ཞུགས་མི2000དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ཐད་ཀྱི་ལས་ཞུགས་མི་སྣ་ཁྲི4.5ཡན་ལས་ཞུགས་བྱ་རྒྱུ་ཡོངས་འགྲུབ་བྱས་ནས།ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར4.5མངོན་འགྱུར་བྱ་རྒྱུ་དང་།མཁར་ཤང་ངལ་རྩོལ་ནུས་ཤུགས་ལས་རིགས་རྩལ་ནུས་མི8500ལ་གསོ་སྦྱོང་བྱས་ཏེ།ལས་རིགས་ནུས་རྩལ་གྱི་གསོ་སྦྱོང་ཁེབས་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས།ལས་ཞུགས་གསོ་སྦྱོང་གི་ཕན་འབྲས་དངོས་གནས་ལེགས་བསྒྱུར་བྱ་རྒྱུ།

བཅུ་དྲུག  དགེ་རྒན84བསྡུ་རྒྱུ་སྤྱི་བསྒྲགས་དང་སློབ་གྲྭས་འཇོན་མི20གདན་ཞུ་བྱ་རྒྱུ།ཞིང་ཆེན་ནང་ཁུལ་དུ་གཞུང་གི་འགྲོ་གྲོན་གཏོང་བའི་དགེ་འོས་སློབ་ཆེན་གྱི་སློབ་མ3ལ་གན་རྒྱ་བཞག་སྟེ་གཞི་རིམ་དུ་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་།སློབ་མ80ཅང་ཉིང་མཐོ་རིམ་སློབ་འབྲིང་དང་སློབ་མ50ནན་ཐུང་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སློབ་འབྲིང་དུ་བསྐྱལ་ཏེ་ཕུལ་བྱུང་སློབ་གསོ་མྱང་དུ་འཇུག་རྒྱུ། ཅང་སུའུ་ཡི་མཐོ་རིམ་སློབ་གྲྭ་དཀྱུས་མར་རང་ཁུལ་གྱི་སློབ་མ50བསྡུ་བར་གྲོས་མཐུན་འཇོག་རྒྱུ་དང་ས་གནས་གཞན་དུ་གཉེར་པའི་ལས་རིགས་སློབ་གསོའི་འཛིན་གྲྭར་སློབ་མ80བསྡུ་བ་བཅས་ལ་བརྟེན།སློབ་མ་ཚོའི་སློབ་གཉེར་གྱི་ལམ་ཁ་རྒྱ་བསྐྱེད་པ་དང་ས་གནས་གཞན་དུ་འཛིན་གྲྭ་གཉེར་བའི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ།

བཅུ་བདུན། མ་དངུལ་སྒོར་ཁྲི 8300 བཏང་སྟེ་ཁྲི་ཀའི་རྨ་ཆུའི་ལམ་འགྲམ་གྱི་སྐྱེ་ཁམས་སླར་གསོ་དང་།ཞིན་ཧེ་རྫོང་ཀླུ་མཆོད་ལུང་བའི་འཐུང་ཆུའི་མགོ་ཁུངས་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་བ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ།ས་ཁོངས་ཀྱི་ཆུའི་ཁོར་ཡུག་བདེ་འཇགས་སུ་གཏོང་བར་འགན་ལེན་དང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཇེ་ལེགས་དང་ཆུའི་མགོ་ཁུངས་སླར་གསོ་བྱ་རྒྱུ།

བཅོ་བརྒྱད།དངུལ་རྩའི་ལས་ཁུངས་སོ་སོར་གྲོས་མཐུན་བྱས་ཏེ་ཞིང་སྐྱོར་དངུལ་བུན་སྒོར་དུང་ཕྱུར16.2དང་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་སྒོར་དུང་ཕྱུར8.1བཏང་ནས་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ།

བཅུ་དགུ།མ་དངུལ་སྒོར་ཁྲི458བཏང་ནས་ལས་རིམ་བཅུ་པའི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ལས་གཞི་སོ་སོ་ལག་བསྟར་དང་།4Gཅན་གྱི་གཞི་རྩའི་ས་ཚིགས43དང5Gཅན་གྱི་གཞི་རྩའི་ས་ཚིགས25འཛུགས་སྐྲུན་བྱས་ཏེ་རོང་འབྲོག་ཁུལ་གྱི་འཕྲིན་གཏོང་གི་བརྡ་རྟགས་ཀྱི་ཁྱབ་རྒྱ་ཆེར་གཏོང་དང་དྲ་རྒྱར་རིམ་སྤོར་བྱ་རྒྱུ།

ཉི་ཤུ།སྒོར་ཁྲི3600དོན་འཁྱོལ་བྱས་ཏེ་ཐུན་ཏེ་རྫོང་གི་རླངས་འཁོར་འཇོག་སའི་ཆེ་ཆུང་དང་དེ་དང་འབྲེལ་ཡོད་ཀྱི་སྒྲིག་ཆས་ཆ་ཚང་ལག་བསྟར་བྱས་ནས། མང་ཚོགས་ཀྱི་རླངས་འཁོར་འཇོག་ས་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་སོ།།

(མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ནས་བསྒྱུར།)


热门新闻

热门图库

热门排行