2023ལོར་རང་ཁུལ་གྱིས་དམངས་ཚིས་བྱ་བ་ཡོངས་སུ་ལེགས་འགྲུབ་བྱས།
2023ལོར་རང་ཁུལ་གྱིས་དམངས་ཚིས་བྱ་བ་ཡོངས་སུ་ལེགས་འགྲུབ་བྱས།
འདས་པའི་ལོ་གཅིག་གི་རིང་ལ། རང་ཁུལ་གྱིས་དུས་ནམ་ཡང་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་དོན་དངོས་རེ་རེ་ལེགས་པོར་སྒྲུབ་པ་ནི་ཁུལ་ཡོངས་ཀྱི་མི་དམངས་ལ་བཞག་པའི་ཁས་ལེན་དམ་བཅའ་རུ་བརྩི་བ་དང་། དམངས་ཚིས་དོན་དངོས་རེ་རེ་ནན་ཏན་གྱིས་བསྒྲུབས་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་འགན་སྲུང་ཡོད་པར་བྱས།
ཉེ་ཆར། 2023ལོའི་དམངས་ཚིས་དོན་དངོས20བསྒྲུབས་ཚར་བ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར84.6བཏང་སྟེ་འཆར་གཞིའི་དངུལ་གཏོང་ལས166%འགྲུབ་ཡོད།
དམངས་ཚིས་རྩིས་ཐོ་རེ་རེ་ནི་རང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་རྩིས་ཐོར་གྱུར་ཡོད་པ་དང་འདི་ནི་མཚོ་ལྷོ་སྟེ་མཐོ་སྒང་གི་མཁར་གྲོང་འདིའི་རྨང་གཞིར་གྱུར་འདུག
གནད་འགག་གི་དམངས་ཚིས་འགན་སྲུང་བརྟན་འཇགས་ངང་ཇེ་མཐོར་སོང་ཡོད་དེ། 2023ལོར་མཚོ་ལྷོ་ཁུལ་གྱིས་བསྟུད་མར་ལས་ཞུགས་གསོ་སྦྱོང་གི་སྤུས་ཚད་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་བ་དང་། སློབ་ཆེན་མཐར་ཕྱིན་སློབ་མ་དང་ཁེ་ལས་ཀྱི་ལས་བཟོ་བ། ལས་ཞུགས་གཙོ་གནད་ཚོགས་སྤྱི། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཚོགས་པ་སོགས་ལ་གཞིགས་ཏེ། ལས་རིགས་ལག་རྩལ་གསོ་སྦྱོང་ཐེངས9808སྤེལ་བ་དང་ལས་ཞུགས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི8699བཏང་། མཁར་གྲོང་གི་ལས་ཞུགས་མི་གྲངས2534ལ་འཕར་ཡོད།རོང་འབྲོག་ས་ཁུལ་གྱི་ལས་ཞུགས་མི་སྣ་ཁྲི4.79ལ་བསླེབས་ནས་ངལ་རྩོལ་ཡོང་འབབ་སྒོར་དུང་ཕྱུར5.5ལ་ཐོན་ཡོད།
སྨན་བཅོས་ནི་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་གནད་འགག་གི་དོན་ཆེན་ཞིག་སྟེ། 2023ལོར་རང་ཁུལ་གྱིས་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་བ་མཐོར་འདེགས་གཏོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར1.49བཏང་སྟེ། ཞིན་ཧེ་རྫོང་མི་དམངས་སྨན་ཁང་མཁར་ནུབ་ཡན་ལག་སྨན་ཁང་དང་ཀོས་ནན་རྫོང་བོད་སྨན་ཁང་གི་རྒྱ་བསྐྱེད་འཛུགས་སྐྲུན། དེ་མིན་ད་དུང་ཤང་དང་གྲོང་རྡལ11གི་འཕྲོད་བསྟེན་ལས་ཁུངས་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་སོགས་ལས་གཞི་ལག་བསྟར་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཚད་ལྡན་ཅན་དང་གཞི་རྒྱ་ཅན་གྱི་འཛུགས་སྐྲུན་ཆུ་ཚད་དང་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ཞིང་། དཀའ་ངལ་ཆེ་བའི་ཚོགས་སྤྱིའི་སྨན་བཅོས་འགྲོ་སོང་རོགས་སྐྱོར་ཕྱོགས་ནས་དབུལ་ཕོངས་མང་ཚོགས་དང་མ་མཐའི་འཚོ་བའི་འགན་སྲུང་སོགས་དཀའ་ངལ་ཆེ་བའི་ཚོགས་སྤྱིའི་ཚབ་ཏུ་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྒོར་ཁྲི1060སྤྲད་པ་དང་། དཀའ་ངལ་ཆེ་བའི་མང་ཚོགས་དང་དབུལ་ཐར་མི་འབོར་གྱི་ཞག་སྡོད་ནད་པར་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི7279རྩིས་སྤྲོད་བྱས་ཤིང་། དཀའ་ངལ་ཆེ་བའི་མང་ཚོགས་མི་ཁྲི4.38ལ་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་རོགས་སྐྱོར་འགྲོ་སོང་སྒོར་ཁྲི183རྩིས་སྤྲོད་བྱས།
རྨང་གཞིའི་སློབ་གསོ་མུ་མཐུད་དུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད། 2023ལོའི་དམངས་ཚིས་དོན་དངོས་ལག་བསྟར་ལས་རང་ཁུལ་གྱིས་རིམ་པ་སོ་སོའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པར་དམ་འཛིན་བྱས་ཏེ།མ་དངུལ་སྒོར་དུང་ཕྱུར3.17བཏང་ནས། ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་གྱི་ལོ་དགུའི་འོས་འགན་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་དང་ཀོས་ནན་རྫོང་ཐར་ཤུལ་ཤང་ལྟེ་གནས་བྱིས་སྐྱོང་ཁང་། གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་སོགས་ལེགས་སྒྲིག་དང་རྒྱ་བསྐྱེད་ལས་གཞི་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་སྐྱོང་ཁང་གི་སློབ་སྒྲུབ་ཆ་རྐྱེན་བསྟུད་མར་ལེགས་བཅོས་བྱས་ཤིང་། ལྷག་པར་དུ་ས་ཆ་གཞན་ནས་འཛིན་གྲྭ་བསྒྲུབ་སྟེ་མཚོ་ལྷོའི་སློབ་མར་ཕུགས་བསམ་བསྩལ། 2023ལོར་རིམ་རྩིས་བྱས་ན་སློབ་མ130ཅང་ཉིང་མཐོ་རིམ་སློབ་འབྲིང་དང་ནན་ཐུང་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་། ཞིང་ཆེན་ནང་ཁུལ་གྱི་དཔེ་སྟོན་མཐོ་རིམ་སློབ་འབྲིང་དུ་སྤུས་ལེགས་སློབ་གསོ་དང་ལེན་བྱེད་པར་བཏང་བ་དང་། ཅང་སུའུ་ཡི་མཐོ་རིམ་སློབ་གྲྭ་དཀྱུས་མར་མཐུན་སྦྱོར་བྱས་ནས་རང་ཁུལ་གྱི་སློབ་མ52དང་ས་གནས་གཞན་གྱི་འབྲིང་རིམ་ལས་རིགས་འཛིན་གྲྭར་སློབ་མ202བསྡུ་ལེན་བྱས་ཡོད།
2023ལོར་མཚོ་ལྷོ་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར5བཏང་ནས་གུང་ཧོ་རྫོང་མཁར་གྱི་སྲིད་དོན་ལམ་ཆེན་དང་ཁྲི་ཀ་རྫོང་ཧུའེ་ཨན་རྨ་ཆུའི་ཟམ་ཆེན། དེ་བཞིན་ཆུ་སྔོན་ནས་ལུང་བཟང་བར་གྱི་གཞུང་ལམ་དང་ཆབ་ཆ་ནས་ཨིར་སྟི་ཤང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་སོགས་ལས་གཞི89ལག་བསྟར་བྱས་པ་དང་ལམ་ཚད་སྤྱི་ལེ583གསར་དུ་བསྐྱར་སྐྲུན་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།
རོང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར5.48བཏང་ནས་གུང་ཧོ་རྫོང་མཚོ་ཐོག་ལུང་སྡེ་བ་དང་ཚ་ཧན་སུ་སྡེ་བ། ཁྲི་ཀ་རྫོང་མཁར་ཤར་སྡེ་བ་དང་ཁྲེ་ཙེ་གོང་མ་སྡེ་བ་སོགས་མཛེས་བའི་གྲོང་སྡེ30འཛུགས་སྐྲུན་དང་རོང་འབྲོག་མང་ཚོགས་ཁྱིམ་ཚང6270ཡི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི1500བཏང་ནས་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་གྱི་རྨ་ཆུ་སྡེ་བ་དང་བར་དབོན་སྡེ་བ།ཅང་སི་གྲོང་རྡལ་རྨོག་རུ་སྡེ་བ། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་ཆུ་ནག་སྡེ་བ། འཕྲང་དམར་གྲོང་རྡལ་ཞིན་ཅན་ཕིན་སྡེ་བ་སོགས་སྲིད་འཛིན་སྡེ་བ5ཡི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པས་རོང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་སུ་བཏང་ཡོད།
མུ་མཐུད་དུ་དམངས་ལ་བདེ་སྐྱིད་བསྐྲུན་ཆེད། རང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར4.92བཏང་ནས་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་མགོ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས་ཏེ།ས་མུའུ་ཁྲི14ལ་སྡོང་འཛུགས་ནགས་སྐྲུན་དང་།ས་མུའུ་ཁྲི63རི་རྒྱ་ནགས་གསོ། མུའུ་ཁྲི1.2ལ་ནགས་སླར་གསོ་བྱས།ས་མུའུ་ཁྲི31.05ལ་རྩྭ་བཏབ་པ་དང་ཞན་འགྱུར་རྩྭ་ས་མུའུ་ཁྲི198ལེགས་བཅོས་བྱས།
ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་བཟོ་གྲྭ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར4.7བཏང་ནས་ཀོས་ནན་དང་ཐུན་ཏེ།ཞིན་ཧེ་རྫོང་བཅས་ཀྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚབ་བྱེད་བཟོ་གྲྭ9ལག་བསྟར་བྱས་ཏེ་ཐཱན་གཉིས་ཀྱི་དམིགས་ཚད་དོན་འཁྱོལ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་སའི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཐད་མ་དངུལ་སྒོར་དུང་ཕྱུར1.82དོན་འཁྱོལ་བྱས་ནས་ནོར་གནག་དང་བོད་ལུག་གི་གསོ་སྤེལ་རྟེན་གཞི47དང་སྐྱེ་ཁམས་ཕྱུགས་ར16བཙུགས་ཏེ། སྐོར་ཐེངས་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་དང་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར6.03སྤྲད།