གནས་ཚུལ། 详情

ཐུན་ཏེས་འགྱིག་ཤོག་ཐོན་རྫས་གཏན་འགོག་གི་དྲིལ་སྒྲོག་བྱ་འགུལ་སྤེལ།

2024-01-24 08:59:15 来源: 作者: 编辑:

ཐུན་ཏེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དབྱེ་འབྱེད་བྱེད་མི་ཐུབ་པའི་འགྱིག་ཤོག་ཐོན་རྫས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་པའི་སྒྲིག་གཞི་དང་སྒེར་གཉེར་ཚོང་ཁང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགྱིག་རྫས་ཀྱི་སྦགས་བཙོག་བཀག་འགོག་དང་དབྱེ་འབྱེད་མི་ཐུབ་པའི་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་བསྣན་ནས་མི་རྣམས་ལ་ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ནང་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་སྔོན། ཐུན་ཏེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་རུ་ཐང་ཆེན་དུ་འགྱིག་ཤོག་བཀོལ་སྤྱོད་བྱས་མི་ཆོག་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་རེད།    བྱ་འགུལ་སྤེལ་བའི་ཡུལ་དངོས་སུ་གཅིག་སྤྱོད་རང་བཞིན་གྱི་དབྱེ་འབྱེད་བྱེད་མི་ཐུབ་པའི་འགྱིག་ཤོག་ཐོན་རྫས་ཀྱི་འབྲེལ་ཡོད་གཏན་འབེབས་ནང་དོན་འགྲེམས་སྟོན་བྱས་པ་བརྒྱུད། རང་ཁུལ་གྱི་དབྱེ་འབྱེད་མི་ཐུབ་པའི་འགྱིག་ཤོག་ཐོན་རྫས་དོ་དམ་སྲོལ་ཡིག་དང་བོད་རྒྱ་དྲིལ་སྒྲོག་ལག་དེབ། ཁོར་ཡུག་སྲུང་སྐྱོང་ཁུག་མ་སོགས་སྟེར་བའི་བྱ་ཐབས་སྤྱད་དེ་རྒྱ་ཆེའི་མང་ཚོགས་ལ་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ངུ་ནས་མགོ་བརྩམས་ཏེ་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་བྱས་རྗེས་འབུལ་དགོས་པའི་འབོད་སྐུལ་བཏང་བ་རེད།

ཉེ་བའི་ལོ་འགའི་རིང་ཐུན་ཏེ་རྫོང་གིས་འགྱིག་ཤོག་བཀག་སྡོམ་གྱི་ཆེད་དོན་བྱ་བའི་ཁྲོད་ཁྲིམས་འཛིན་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོངས་གཏོགས་ས་ཆའི་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས་ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དབྱེ་འབྱེད་དང་ཁོངས་གཏོགས་ས་ཆ་ཁག་བགོས། དུམ་མཚམས་དབྱེ་ནས་ལྟ་སྐུལ་དོ་དམ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་ཚོང་ཁང་། དངོས་ཟོག་ཁྲོམ་ར་བཅས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུར་ཤུགས་བསྣན་ནས་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་དང་དངོས་ཟོག་ཁྲོམ་ར། བཟའ་བཏུང་དང་ཟས་སྐྱེལ་ཁེ་ལས་ཀྱི་ཚོང་གཉེར་ལས་ཁུངས་དག་ལ་སྐུལ་སློང་བྱས་ནས་ཞིབ་བཤེར་ཟིན་ཐོ་འགོད་པ་དང་པར་རྒྱག་པ་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་ཆགས་པར་བྱས་པ་རེད། ཚོང་གཉེར་ལས་རིགས་ཀྱིས་རང་འགུལ་ངང་སྲིད་ཇུས་དང་ལེན་བྱ་རྒྱུར་སྐུལ་མ་བཏང་ནས་ཚོང་གཉེར་བྱེད་སྒོའི་ཁྲོད་གཅིག་སྤྱོད་རང་བཞིན་གྱི་དབྱེ་འབྱེད་མི་ཐུབ་པའི་འགྱིག་ཤོག་ཐོན་རྫས་ཕྱིར་ཚོང་དང་བེད་སྤྱོད་མི་བྱེད་པར་རང་རྫོང་གི་སྐྱེ་ཁམས་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།    ལས་རིམ་རྗེས་མར་ཐུན་ཏེ་རྫོང་གིས་ཚད་མཐོའི་སྒོ་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་བྱ་བའི་རྩ་དོན་ལག་བསྟར་བྱས་ཏེ་སྲོལ་ཡིག་དྲིལ་སྒྲོག་དང་ལག་བསྟར་བྱས་ནས་བཀག་སྡོམ་བཀའ་རྒྱ་ཁྱབ་སྒྲོག་བྱས་པའི་འགྱིག་བཟོས་ཐོན་རྫས་བཀག་འགོག་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་ལྡན་གཏན་འབེབས་དང་མི་མཐུན་པའི་འགྱིག་བཟོས་ཐོན་རྫས་སྒྲིག་འགལ་ངང་བརྒྱུད་ཚོང་དང་བེད་སྤྱོད་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཁྲོམ་རའི་ཚོང་གཉེར་ལས་ཁུངས་ཀྱིས་འགྱིག་ཤོག་བཀོལ་མི་ཆོག་པའི་བྱ་བ་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

热门新闻

热门图库

热门排行