གནས་ཚུལ། 详情

ཀོས་ནན་གྱིས་རྡོ་བརྐོས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དུ་བཏང་།

2024-01-24 08:59:43 来源: 作者: 编辑:

ཀོས་ནན་རྫོང་གིས་ས་གནས་ཀྱི་སྲོལ་རྒྱུན་རྡོ་བརྐོས་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན།
    སྲིད་ཇུས་ལས་ཁེ་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་དང་ཁེ་ལས་ལས་གྲོང་གསེབ་དར་རྒྱས་གཏོང་ཐུབ་པ་བྱ་དགོས། ཀོས་ནན་རྫོང་གིས་ས་གནས་ཀྱི་སྲོལ་རྒྱུན་རྡོ་བརྐོས་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་པར་མ་ཟད། ད་དུང་ཀོས་ནན་དྲིལ་སྒྲོག་དང་ཀོས་ནན་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བའི་གཞི་རྟེན་དང་འབྲེལ་ཟམ་ཞིག་ཏུ་གྱུར་ནས་ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    གདུགས་དཀར་རྒྱལ་ནི་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བའི་སྡེ་མི་ཡིན་ཞིང་། ཁོས་རྡོ་བརྐོས་ལས་གཉེར་བྱས་ནས་ལོ་གཅིག་ལྷག་ཙམ་འགོར་ཡོད་ཅིང་ལོའི་ཡོང་འབབ་སྒོར་ཁྲི3ཙམ་ལས་ཟིན་གྱི་མེད། ད་ལྟ་གཡང་ཊིའི་ཐོན་རྫས་བཟོ་རྒྱུ་དེ་ཁོ་ཚང་གི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར་ཡོད།    སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བའི་སྡེ་མི་གདུགས་དཀར་རྒྱལ་གྱིས་ལས་ཀ་དེར་ཡོང་འབབ་བཟང་ལ་དུས་ཚོད་རང་དབང་ཡིན་པས། ཁོམ་པ་ཡོད་དུས་རང་ཁྱིམ་དུའང་བརྐོས་ན་ཆོག ཁོས་བཤད་རྒྱུར། ངའི་བརྩམས་ཆོས་ལ་ཁས་ལེན་བྱུང་བས་ངོ་མ་ཅིག་དགའ་ཟེར།

    གདུགས་དཀར་རྒྱལ་གནས་སའི་ཀུང་ཟི་ནི་ཀོས་ནན་རྫོང་བླ་རྡོ་རིག་གནས་སྒྱུ་རྩལ་ཚད་ཡོད་འགན་འཁྲི་ཀུང་ཟི་རེད། ཀུང་ཟི་དེས་སྲོལ་རྒྱུན་གྱི་རྡོ་བརྐོས་བཟོ་རྩལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གསར་གཏོད་ཟམ་མི་ཆད་པར་བྱས་ནས་སྲོལ་རྒྱུན་གྱི་རྡོ་བརྐོས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་། སྲོག་ཆགས་དང་རྩི་ཤིང་གི་འབུར་བརྐོས། བོད་སྨན་གྱི་རྡོ་བརྐོས་སྒྱུ་རྩལ་ཐོན་རྫས་ལས་སྣོན་དང་བྲིན་ཚོང་སོགས་གཞི་གཅིག་ཅན་གྱི་དམངས་གཉེར་ཁེ་ལས་ཤིག་ཏུ་འཕེལ་རྒྱས་བཏང་བ་མ་ཟད། འབྲོག་དམངས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཀོས་ནན་རྫོང་བླ་རྡོ་རིག་གནས་སྒྱུ་རྩལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་སྤྱི་གཉེར་སངས་གོ་རྒྱལ་གྱིས་གནས་འདིར་ངོ་མཚར་ཆེ་བའི་རྡོ་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན།རབ་འོག་རྡོ་ཆས་རིག་གནས་གནའ་ཤུལ་དང་། འབུམ་ལུང་གནའ་བོའི་བྲག་རིའི་རྗེས་ཤུལ། རྨ་ཆུའི་མཚར་རྡོ་སོགས་ལོ་རྒྱུས་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། དེར་བརྟེན་ངས་ལས་རིགས་དེར་རང་ཉིད་ལ་དབང་བའི་བྱ་གཞག་ཅིག་གཏོད་རྒྱུའི་སེམས་ཐག་བཅད་པ་ཡིན་ཟེར།

    སངས་ཁོ་རྒྱལ་གྱིས་ལས་ཞུགས་ཐུབ་མེད་པའི་ན་གཞོན་མང་པོ་ཞིག་ལས་རིགས་འདིར་ཞུགས་སུ་བཅུག་པར་མ་ཟད། ཁོ་ཚོར་ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་དེ་བཞིན་ཞིང་ཆེན་ཕྱི་ནང་གི་མཚར་རྡོ་འགྲེམས་ཚོགས་ནང་ཧུར་ཐག་ཞུགས་ནས་མི་མང་པོ་ཞིག་ལ་སྲོལ་རྒྱུན་གྱི་རྡོ་བརྐོས་ཐོན་རྫས་བརྒྱུད་ཀོས་ནན་ཤེས་རྟོགས་ཐུབ་པ་བྱས་ཏེ་སྲོལ་རྒྱུན་རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་དང་། རིག་གནས་འཕེལ་རྒྱས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀ་ཐོན་རྒྱུ་མངོན་འགྱུར་བྱས་ཡོད།

    ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་མགོ་བ་གཞོན་པ་ཀྲང་པིན་རོང་འབྲོག་ཁྱིམ་ཚང30ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དེའི་ནང་མང་ཆེ་བ་ནི་དབུལ་སྒྲོལ་ཁྱིམ་ཚང་ཡིན་པ་དང་ཀུང་ཟི་དེས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སུམ་མདོ་གྲོང་རྡལ་དང་ཐ་ན་རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཟེར།


热门新闻

热门图库

热门排行