གནས་ཚུལ། 详情

ཀོས་ནན་རྫོང་གིས་མེ་ཟོན་དྲིལ་སྒྲོག་གི་ལས་དོན་འབྲོག་ཁུལ་དུ་སྤེལ་བ།

2024-01-17 16:11:49 来源: 作者: 编辑:
       ཀོས་ནན་རྫོང་གིས་མེ་ཟོན་དྲིལ་སྒྲོག་གི་ལས་དོན་འབྲོག་ཁུལ་དུ་སྤེལ་བ།

       ཉེ་དུས་གནམ་གཤིས་གྲང་ལ་སྐམ་ཤས་ཆེ་བ་དང་རོང་འབྲོག་ཁུལ་གྱི་རྩྭ་ཐང་གི་མེ་ཟོན་ཛ་དྲག་རང་བཞིན་གྱི་དུས་བབས་སུ་གནས་ཡོད་པས། མེ་ཟོན་དྲིལ་སྒྲོག་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གྲོང་གསེབ་དང་འབྲོག་ཁུལ་གྱི་མེ་ཟོན་བྱ་བའི་ཆུ་ཚད་དང་འབྲོག་པའི་མེ་ཟོན་གེགས་འགོག་ནུས་པ་སྔར་བས་ཇེ་ཆེར་གཏོང་ཆེད། ཉེ་ཆར། ཀོས་ནན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་ཐར་ཤུལ་ཤང་དུ་ཡོང་ནས་རོང་འབྲོག་ཁུལ་གྱི་མང་ཚོགས་ལ་མེ་ཟོན་ཤེས་བྱ་དྲིལ་སྒྲོག་བྱས། 
image.png

    ཐར་ཤུལ་ཤང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཀྱི་མེ་ཟོན་ལས་དོན་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་ཞིང་། འབྲོག་ཁུལ་གྱི་སྡོད་གནས་ཁ་ཐོར་ཡིན་པ་དང་འབྲོག་པའི་བདེ་འཇགས་འདུ་ཤེས་མཐོན་པོ་མེད་པའི་གནས་ཚུལ་ལ་དམིགས་ནས་ཀོས་ནན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་དེ་གྲལ་བཤེར་དང་དྲིལ་སྒྲོག་བྱེད་པ། གོ་བདེ་ཤེས་སླའི་སྐད་ཆའི་ལམ་ནས་འབྲོག་ཁུལ་གྱི་མང་ཚོགས་ལ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་དང་མེ་ཟོན་ཤེས་བྱའི་རྩལ་ནུས་འགྲེལ་བཤད་བཅས་བྱས་ཏེ། འབྲོག་ཁྱིམ་དུ་གློག་ཆས་དང་གློག་སྐུད་རྙིང་པ་སོགས་ལ་གཅིག་བསྡུས་ཐོག་ཞིབ་བཤེར་དང་ཡུལ་དངོས་སུ་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བཅོས་སྒྲིག་བྱས་པར་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།

image.png

    དེ་སྔ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཡག་པོ་མ་ཐུབ་པ་དང་འབར་གས་སླ་བའི་དངོས་པོ་གང་བྱུང་དུ་སྤུངས་ཡོད། མེ་ཟོན་པས་ཡུལ་དངོས་འགྲེལ་བཤད་བྱས་པ་བརྒྱུད་ང་ཚོར་ཕན་པ་མི་དམན་པ་ཐོབ། རྗེས་ཕྱོགས་ཉེ་འགྲམ་གྱི་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་དེ་དག་ལ་དོ་སྣང་བྱས་ཏེ་མུ་མཐུད་དུ་མེ་ཟོན་ཤེས་བྱ་སློབ་སྦྱོང་བྱས་ནས་ཁྱིམ་ཚང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་ས་གནས་དེ་གའི་མང་ཚོགས་ཀྱིས་བཤད། 

    ཐེངས་འདིའི་མེ་ཟོན་དྲིལ་སྒྲོག་བྱ་འགུལ་འབྲོག་ཁུལ་དུ་སྤེལ་བ་དང་འབྲོག་པ་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ནས་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་སྲུང་སྐྱོང་གི་སྲུང་ཡོལ་ནུས་ལྡན་ངང་བསྐྲུན་ཡོད། རིམ་པ་རྗེས་མར་ཀོས་ནན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ། སྡེ་ཁག་མང་པོ་དང་མཉམ་འབྲེལ་གྱིས་མེ་ཟོན་དྲིལ་སྒྲོག་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང་དུས་ཚིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་མེ་ཟོན་གྱི་ཐབས་ཇུས་བཟང་པོ་བཏོན་ནས་མེ་ཟོན་བདེ་འཇགས་ཀྱི་དུས་བབས་རྒྱུན་མཐུད་དང་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་རེད།


热门新闻

热门图库

热门排行