ཐུན་ཏེ་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བ།
ཐུན་ཏེ་རྫོང་གི་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བའི་གྲུབ་འབྲས་བླངས་པ།
ཉེ་སྔོན། གསར་འགོད་པས་ཐུན་ཏེ་རྫོང་ནོར་སྲིད་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། 2023ལོར་གོང་རིམ་སྡེ་ཁག་གི་མགོ་ཁྲིད་བཟང་བོའི་འོག རྫོང་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་ཐབས་བརྒྱ་ཇུས་སྟོང་གིས་ཡོང་འབབ་བསྡུ་སྒྲིག་དང་འགྲོ་སྒོ་གཙོ་བོར་འགན་ནན་ཁུར་གྱིས་རྫོང་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བའི་གྲུབ་འབྲས་གསར་པ་བླངས།
ཐུན་ཏེ་རྫོང་གི་ནོར་སྲིད་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.053སླེབས་ཏེ་སྔོན་རྩིས་ཀྱི་སྒོར་ཁྲི8925ཡི117.98%ལེགས་འགྲུབ་བྱུང་ལ། སྔོན་ལོ་དང་བསྡུར་ན་སྒོར་ཁྲི1001ཡར་འཕར་ནས། འཕར་ཚད10.5%ལ་སླེབས་པ་དང་ཆ་སྙོམས་ཀྱི་འཕར་ཚད92.99%ཇེ་མགྱོགས་སུ་སོང་སྟེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནང་ཐུན་ཏེ་རྫོང་གི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་ཏེ་སྔོན་དཔག་གི་དམིགས་འབེན་ཡོངས་སུ་ལེགས་འགྲུབ་བྱུང་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་གསར་པ་བླངས།