རྒྱལ་ནང་། 详情

ཝང་ཞའོ་ཧུང་གིས་དབྱི་ལང་གི་བདེ་སྐྱོང་དམག་དཔུང་གི་དམག་སྤྱི་ལ་ཏེན་ལ་ཐུག་འཕྲད་གནང་བ།

2024-01-17 16:29:54 来源: 作者: 编辑:

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚེས16ཉིན་པེ་ཅིན་དུ་དབྱི་ལང་གི་བདེ་སྐྱོང་དམག་དཔུང་གི་དམག་སྤྱི་ལ་ཏེན་ལ་ཐུག་འཕྲད་གནང་།

ཝང་ཞའོ་ཧུང་གིས་བསྟན་དོན། 2023ལོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལའེ་ཞི་གཉིས་ཀྱིས་ཐེངས་གཉིས་ལ་ཐུག་འཕྲད་གནང་སྟེ། ཀྲུང་དབྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་མཐུད་སྲུང་འཛིན་བྱས་ནས། འཇིགས་སྐུལ་ངོ་རྒོལ་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་རྡུང་རྡེག ཁྲིམས་འཛིན་ནུས་པ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་བདེ་འཇགས་གཏན་ལྷིང་ལ་སྟོབས་ཤུགས་འབུལ་དགོས་པའི་རེ་བ་ཡོད་ཅེས་བཤད།

ལ་ཏེན་གྱིས་བསྟན་དོན། ཀྲུང་གོ་དང་མཉམ་དུ་བརྟན་རླིང་ངང་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།

ཝང་ཞའོ་ཧུང་དང་ལ་ཏེན་གཉིས་ཀྱིས་མཉམ་དུ་ཁྲིམས་འཛིན་མཉམ་ལས་དགོངས་ཞུ་བརྗེད་ཐོ་ལ་མིང་རྟགས་བཀོད།  །


热门新闻

热门图库

热门排行