པར་རིས་གསལ་བཤད། 详情

སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱིས་འདེབས་གསོ་བྱེད་པར་འདེགས་སྐྱོར་བྱས།

2024-01-17 15:54:48 来源: 作者: 编辑:

ཉེ་བའི་ལོ་ཤས་རིང་། མང་རྫོང་གིས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་དོན་འཁྱོལ་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིང་ལས་འགན་བཅོལ་གྱི་འགན་ལེན་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། རྫོང་ཡོངས་ཀྱི་གསོ་སྤེལ་ཁྱིམ་ཚང་གི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་བ། ཞིང་ཕྱུགས་ཐོན་ལས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།  

སྡེ་བའི་མཐུན་ཚོགས་ཀྱི་འགན་ལེན་མི་སྣ་དོན་གྲུབ་རྒྱལ་ལ་ཁ་པར་འབྱོར་རྗེས་འཕྲལ་མར་ཀྲུང་གོའི་ས་གཞི་ཆེན་པོའི་འགན་བཅོལ་མང་རྫོང་ཡན་ལག་ཀུང་སིར་གནས་ཚུལ་དེ་སྙན་སེང་ཞུས་པ་མ་ཟད། ཐར་ཤུལ་སྡེ་བའི་སྲོག་ཆགས་གནོད་མེད་ཐག་གཅོད་བྱེད་སར་ཡོང་ནས་ནད་བྱུང་ནས་ཤི་བའི་ཕྱུགས་ཟོག་ལ་གསལ་འབྱེད་དང་གནོད་མེད་ཅན་གྱི་ཐག་གཅོད་བྱས་རྗེས་འབྲོག་ཁྱིམ་གྱི་དཔྱད་ཡིག་ཆ་འཕྲིན་བརྒྱུད་སྤྲོད་དང་གྱོང་གུན་གྱི་རྩིས་ཐོ་བཀོད་དེ་མཐར་གྱོང་གུན་སྒོར་3000ཡིན་པ་གཏན་འཁེལ་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཤཀྱྰ་འབུམ་གྱི་དཔལ་འབྱོར་གྱོང་གུན་ཁ་གསབ་བྱས་པ་རེད།

2019ལོའི་ཟླ་6པར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲུང་གོ་ས་གཞི་ཆེན་པོའི་འགན་བཅོལ་ཀུང་སིའི་མང་རྫོང་ཡན་ལག་ཀུང་སི་དང་གྲོས་མོལ་བྱས་ནས“སྲིད་གཞུང་གིས་ཁྲིད་སྟོན་དང་། སྲིད་ཇུས་ཀྱིས་རྒྱབ་སྐྱོར། ཞིང་ཁྱིམ་རང་མོས། གཞི་རྩའི་འགན་ལེན”བཅས་ཀྱི་རྩ་དོན་གཞིར་བཟུང་རྫོང་ཡོངས་སུ་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ཁྱབ་གདལ་བཏང་སྟེ་མང་ཚོགས་ཀྱིས་འགན་བཅོལ་ཉོ་སྒྲུབ་དང་སྐྱིན་གསབ་དངུལ་ལེན་རྒྱུ་སྟབས་བདེ་ཡོང་ཆེད། ཞང་གྲོང་ཚང་མར་“ཞིང་གསུམ”ཞབས་ཞུའི་ས་ཚིགས་བཙུགས་ནས་མང་ཚོགས་ལ་སྟབས་བདེ་བཟོས་ནས་གསོ་སྤེལ་ཁྱིམ་ཚང་གི་ཐོན་སྐྱེད་གཉེར་སྐྱོང་ཕན་འབྲས་འགན་ལེན་ཐུབ་སྟེ་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་དེས་དམངས་ལ་དངོས་ཕན་ཐོབ་པའི་དམངས་འཚོའི་དོན་དངོས་དོན་ཐོག་ཏུ་འཁྱོལ་བ་དང་རྫོང་ཡོངས་སུ་གསོ་སྤེལ་ལས་རིགས་ཀྱི་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱེལ་ཐུབ་ཡོད།

ཀྲུང་གོ་ས་གཞི་ཆེན་པོའི་འགན་བཅོལ་ཀུང་སི་མང་རྫོང་ཡན་ལག་ཀུང་སིའི་སྤྱི་གཉེར། ཙེང་ཧུའེ།  ངེད་ཀུང་སི2019ལོའི་ཟླ་དྲུག་པར་མང་རྫོང་དུ་བཅའ་སྡོད་བྱས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་བྱས་པ་དང་། 2023ལོར་སྲིད་ཇུས་ལེགས་སྒྲིག་བྱས་པར་བརྟེན་ནོར་ནག་གི་འགན་བཅོལ་དངུལ་སྒོར་120ནས་སྒོར་165བར་ལེགས་སྒྲིག་བྱས་པ་དང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་40%(སྒོར་66)ཟིན་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་35%(57.75)ཟིན།

རྫོང་རིམ་པའི་ནོར་སྲིད་གྱི10%(སྒོར་16.5)ཟིན། འབྲོག་ཁྱིམ་གྱིས་15%(སྒོར་24.75)རང་སྤྲོད་བྱས་པ་དང་། ཁག་ཐེག་མ་དངུལ་སྒོར་2000ནས་སྒོར་3000བར་ལེགས་སྒྲིག་བྱས་ཤིང་། བོད་ལུག་གི་འགན་བཅོལ་གྲོན་དངུལ་སྒོར་18ནས་སྒོར་24བར་མང་དུ་བཏང་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་40%(སྒོར་9.6)དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་35%(སྒོར་8.4)རྫོང་རིམ་པའི་ནོར་སྲིད་ཀྱིས་10%(2.4)ཟིན་པ་དང་། འབྲོག་ཁྱིམ་གྱིས་15%(སྒོར3.6)འཇལ་བ་དང་ཁག་ཐེག་མ་དངུལ་སྒོར་300ནས་སྒོར་400བར་ལེགས་སྒྲིག་བྱས་ཡོད། 2019ལོ་ནས་བཟུང་མིག་སྔའི་བར་ཁྱོན་སྒོར་ཁྲི་10346.05སྐྱིན་ཚབ་སྤྲད་པ་དང་ཁྱིམ་ཚང་93383ལ་ཕན་ཁེ་བསྐྲུན་པ་རེད།    

གསར་འགོད་པ། ཁྲོ་རྒྱལ་ཚེ་རིང་།  གནམ་ཕྱུག་འབུམ།   

热门新闻

热门图库

热门排行