ཏང་འཛུགས། 详情

རྒྱལ་ལམG310སྟེང་གི་གཅན་ཚ་ནས་གསེར་ཆེན་བར་གྱི་སུམ་པ་འགག་གི་ཕར་ཚུར་ཕྱོགས་གཉིས་ཀྱི་ཕུག་ལམ་བརྟོལ་ཚར།

2023-12-06 08:33:45 来源: 作者: 编辑:

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཟླ11ཚེས20ཉིན། གསར་འགོད་པས་རྒྱལ་ལམG310སྟེང་གི་གཅན་ཚ་ནས་གསེར་ཆེན་བར་གྱི་གཞུང་ལམ་ལས་ཚན་གཉིས་པའི་སུམ་པ་འགག་གི་ཕར་ཚུར་ཕྱོགས་གཉིས་ཀྱི་ཕུག་ལམ་ཆ་ཚང་བརྟོལ་ཚར་བའི་གཏམ་བཟང་བསྒྲགས།

ཤེས་གསལ་ལྟར་ན། ཀྲུང་གོའི་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན་ཅུས་གཉིས་པ་ཚད་ཡོད་ཀུང་སིས་སྒྲུབ་འགན་ཁུར་བའི་སུམ་པ་འགགག་ཕར་ཚུར་ཕྱོགས་གཉིས་ཀྱི་ཕུག་ལམ་གྱི་རིང་ཚད་ལ་སྨི4929ཡོད་ཅིང་།  ཞེང་ཚད་ལ་སྨི10.25། མཐོ་ཚད་ལ་སྨི5.0། གཏིང་ཚད་ལ་སྨི549.92བཅས་ཡོད་པ་དང་། གཅན་ཚ་ནས་གསེར་ཆེན་བར་གྱི་གཞུང་ལམ་གྱི་ཕུག་ལམ་ཚོགས་ཁྲོད་ཀྱི་ཕུག་ལམ་རིང་ཤོས་རེད། 2020ལོའི་ཟླ11ཚེས1ཉིན་ལས་མགོ་བརྩམས་ཤིང་། 2023ལོའི་ཟླ11ཚེས20ཉིན་ཕར་ཚུར་ཕྱོགས་གཉིས་ཀྱི་ཕུག་ལམ་ཆ་ཚང་བརྟོལ་ཚར་ལ། བསྡོམས་པའི་ཉིན1114ཕྱིན།

སུམ་པ་འགག་གི་ཕུག་ལམ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་སྲུང་སྐྱོབ་ས་ཁོངས་སུ་ཡོད་ཅིང་།  ལམ་དེ་རྨ་ཆུའི་ཆུ་འགག་སྔོ་རྒྱ་འགག་གི་ཆུ་མཛོད་ལྷོ་ངོགས་སུ་འཐེན་ཡོད་པས།  ཨར་སྐྲུན་གྱི་བདེ་འཇགས་ཉེན་ཁ་ཧ་ཅང་ཆེ་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་གནོན་ཤུགས་ཧ་ཅང་ཆེ།    ཕུག་ལམ་དེ་བདེ་བླག་ངང་བརྟོལ་ཚར་བ་དེས་གཅན་ཚ་ནས་གསེར་ཆེན་བར་གྱི་གཞུང་ལམ་ཚན་པ་གཉིས་པའི་ཕུག་ལམ་ཡོངས་སུ་བརྟོལ་ཚར་བ་དང་།  ཕུག་ལམ་གྱི་ཨར་སྐྲུན་བདེ་འཇགས་དང་སྤུས་ལེགས། ལས་ཀའི་དམིགས་འབེན་བཅས་ལ་དུས་རིམ་རང་བཞིན་གྱིས་རྒྱལ་ཁ་ཐོབ་པ་མཚོན་ཡོད་པས།  2024ལོའི་འགྲིམ་འགྲུལ་ཨར་སྐྲུན་བདེ་བླག་ངང་ནས་རྩིས་ལེན་ཐོབ་པར་རྨང་གཞི་བརྟན་པོ་བཏིངས།

མཚོ་སྔོན་གྱི་གཅན་ཚ་ནས་གསེར་ཆེན་བར་གཞུང་ལམ་གྱི་ལས་ཚན་གཉིས་པ་དེ་ནི་ཀྲུང་གོའི་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན་ཅུས་གཉིས་པའི་ཨར་སྐྲུན་བཞི་བ་ཚད་ཡོད་ཀུང་སིས་འགན་སྒྲུབ་འཁུར་ཞིང་། འཆར་གཞི་ལ2024ལོར་རྩིས་ལེན་ཐུབ་རྒྱུ་བྱས་ཡོད།  གཞུང་ལམ་དེ་ནི《རྒྱལ་ཁབ་ཀྱི་གཞུང་ལམ་དྲ་རྒྱའི་འཆར་འགོད(2013—2030年)》ཡི་ལིན་ཡུན་ཀང་ནས་གསེར་ཆེན་བར་གྱི་གཞུང་ལམ་གྱི་ལམ་རྒྱུད་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན“3410”ཡི་མྱུར་བགྲོད་གཞུང་ལམ་གྱི་ལམ་དྲའི“འཕྲེད་གསུམ”(ད་རྒྱལ་རི་ནས་གསེར་ཆེན་བར)ཁྲོད་ཀྱི་ལམ་ཚན་ཞིག་ཀྱང་ཡིན་པ་དང་།  ཤར་ཀན་སུའུ་ཞིང་ཆེན་ལ་འབྲེལ་བ་དང་། ནུབ་མཚོ་སྔོན་དབུས་ཤར་ས་ཁུལ་ལ་འབྲེལ་བའི་ཤར་ནུབ་འཕྲེད་གཅོད་ཀྱི་ལམ་ཆེན་གལ་ཆེན་ཞིག་ཡིན། གཅན་ཚ་ནས་གསེར་ཆེན་བར་གྱི་གཞུང་ལམ་ཕལ་ཆེར་རྨ་ཆུ་རྒྱུད་དུ་འཐེན་ཡོད་པས།  ཡུལ་སྐོར་གྱི་གཞུང་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། རང་ཞིང་གི་རྒྱལ་ལམ་དང་ཞིང་ལམ་དུ་མའི་སྦྲེལ་ལམ་གལ་ཆེན་ཞིག་ཀྱང་རེད།   

ཤེས་གསལ་ལྟར་ན། གཞུང་ལམ་དེ་འཛུགས་སྐྲུན་བྱས་རྗེས་རང་ཞིང་གི་མྱུར་བགརོད་གཞུང་ལམ་གྱི་དྲ་རྒྱའི་འཆར་འགོད་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ།  རྒྱལ་ཁབ་ཀྱི་གཞུང་ལམ་གཙོ་བོ་དང་ས་གནས་ཀྱི་གཞུང་གཙོ་བོ་དག་སྦྲེལ་ཐུབ་པ་མ་ཟད།  རྨ་ཆུའི་རོང་སའི་ཞིང་ས་མུའུ་ས་ཡ་གསར་སྤེལ་ལེགས་སྒྲིག་གི་ལས་གཞི་ལག་བསྟར་ལ་སྦྱར་ནས་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་གོམ་ཁ་ཇེ་མགྱོགས་དང་།  ཡུལ་སྐོར་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏང་ཐུབ་པས།  མི་རིགས་གྲངས་ཉུང་ས་ཁུལ་གྱི་དཔལ་འབྱོར་འཕེལ་ཁ་ཆེ་ཆེར་དར་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ནས་རྣམ་པར་རྒྱལ་བ།  གྲོང་རྡལ་ཅན་དུ་བསྒྱུར་བའི་འཕེལ་རིམ་ཇེ་མགྱོགས།  འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་འཕྲལ་བསྟུན་འགན་སྲུང་གི་ནུས་པ་མཐོར་འདེགས་བཅས་ལ་དོན་སྙིང་གལ་ཆེན་ལྡན་ནོ། །


热门新闻

热门图库

热门排行