ཞིན་ཧེ་རྫོང་གིས་ཐོན་ལས་འཕེལ་རྒྱས་ཀྱི་ལྟ་སྦྱོང་བྱ་འགུལ་སྤེལ།
ཉེ་ཆར། ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་ལྟ་སྦྱོང་བྱ་འགུལ་སྤེལ་བ་རེད། བྱ་འགུལ་ལས“ཉན་པ་དང་བལྟ་བ། ཞིབ་བཤེར། ཞིབ་བསྡུར། དཔྱད་བསྡུར”བཅས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། གྲོང་རྡལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས13གྱི་ཏང་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ“ལྟ་ཞིབ”བྱས་པ་དང་། “དཔྱད་གཞིའི་དཔྱད་འདེམས་དང་ཡུལ་དངོས་སུ་ལྟ་སྦྱོང་བྱེད་པ། ཡུལ་དངོས་སུ་ཡར་ཞུ་བྱེད་པ། ཐོན་རྫས་འགྲེམས་སྟོན”བཅས་བྱས་པ་དང་། ཏང་ཀྲི་པུའུ་ཡི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པ་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས། སྡེ་བ་སྤྱིའི་དཔལ་འབྱོར་འབབ་འཕར། ཐོན་ལས་འཕེལ་རྒྱས། དམངས་ལ་དོན་དངོས་བསྒྲུབ་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ལྟ་སྦྱོང་དཔྱད་བསྡུར་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།