རྒྱལ་སྤྱི། 详情

ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཡུག་རེན་ལ་མཚོན་ཆ་མཁོ་འདོན་བྱ་རྒྱུར་ངོ་རྒོལ་བྱས་པ།

2023-07-27 14:35:52 来源: 作者: 编辑:超级管理员

ཉིན་ཤས་གོང་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཤིས་ཡར་ཏུའོ་ཡིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེ ཆེད་དོན་བཅར་འདྲི་བྱེད་རིང་ཤིས་ཡར་ཏུའོ་ཡིས་ཧང་ག་རིས་ཡུག་རེན་ལ་གཅིག་སྡུད་རྫས་མདེལ་ཚུད་པའི་མཚོན་ཆ་གང་རུང་མཁོ་འདོན་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞུས་ཏེ་ཀྲིས།ཉེ་དུས་ཨ་རིས་ཡུག་རེན་ལ་གཅིག་སྡུད་རྫས་མདེལ་མཁོ་འདོན་བྱ་རྒྱུའི་ཐག་བཅད་པ་དེར་ཧང་ག་རིར་ལངས་ཕྱོགས་གང་འདྲ་འདུག་གམ།

ཞུང་ཡ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཡར་ཏུའོ་ཡིས།སྤྱིའི་ཆ་ནས་བཤད་ན།ང་ཚོས་མཚོན་ཆ་དེ་འདྲ་སྤྱོད་པར་ངོ་རྒོལ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་དེ་དག་ལ་ཉེན་ཁ་ཧ་ཅང་ཆེ་བ་དང་།མི་སེར་གྱི་ཚེ་སྲོག་འཕྲོག་ཐུབ་པས་ཁོ་ཚོར་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་ཡོད་པས་རེད། དེར་བརྟེན།ང་ཚོ་《རྫས་མདེལ་བསྡུ་རུབ་བྱེད་པའི་སྤྱི་ཆིངས་》གཏན་འགོག་བྱེད་པར་ཞུགས་པ་ཡིན། དེར་བརྟེན་འདིའི་ཐད་ཀྱི་ཨ་རིའི་ཆོད་དོན་ལ་ང་ཚོས་ཡི་རང་གཏན་ནས་བྱེད་ཀྱི་མེད། དེས་མ་ཚད་ང་ཚོས་དེ་ནི་སྡུག་བསྔལ་དེ་བས་མང་བ་དང་ཤི་རྨས་དེ་བས་མང་བ་ཡོང་རྒྱུའི་གཏན་འབེབས་ཤིག་ཡིན་པའི་ངོས་འཛིན་དངོས་གནས་བྱེད་ཀྱི་ཡོད། དེ་བས་རྒྱ་ཆེ་བའི་སྒོ་ནས་བཤད་ན།ང་ཚོས་ཡུག་རེན་ལ་མཚོན་ཆ་གང་ཡང་སྐྱེལ་རྒྱུར་གཏན་ནས་དགའ་པོ་མེད།

ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པ།

ཤིས་ཡར་ཏུའོ་ཡིས་ད་དུང་ཡུག་རེན་དུ་དབོར་རྒྱུའི་མཚོན་ཆ་ཇི་ཙམ་མང་བ་དང་།ཨུ་རུ་སུ་དང་ཡུག་རེན་དབར་གྱི་གདོང་ཐུག་རྒྱུན་མཐུད་བྱེད་པའི་དུས་ཚོད་ཇི་ཙམ་རིང་བ།ཤི་རྨས་བྱུང་བའི་མི་གྲངས་དེ་ཙམ་གྱིས་མང་དུ་འགྲོ་བ་བཅས་ཡིན་པས།དམག་མཚམས་འཇོག་དགོས་པ་དང་འབྲེལ་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བཤད་པ་རེད།

ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཤིས་ཡར་ཏུའོ་ཡིས།ང་ཚོས་གཡུལ་སར་ཐག་གཅོད་བྱེད་པའི་ཇུས་གཞི་གང་ཡང་མཐོང་རྒྱུ་མེད།ང་ཚོས་གྲོས་མོལ་བྱེད་སའི་སྒྲོག་ཙེའི་ཐོག་གནད་དོན་ཐག་གཅོད་བྱ་རྒྱུ་ཁོ་ན་མཐོང་རྒྱུ་ཡོད་པས།ང་ཚོས་ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་མ་གཏོགས་མཐོང་རྒྱུ་མེད། གཡུལ་སར་ཐག་གཅོད་ཀྱི་ཇུས་གཞི་མེད་ཀྱང་གཡུལ་སར་མི་ཤི་རྨས་བྱུང་བ་རེད། དུས་ཡུན་ཇི་ཙམ་རིང་ན་ཤི་རྨས་བྱུང་བའི་མི་གྲངས་དེ་ཙམ་གྱིས་མང་། དེར་བརྟེན་ང་ཚོས་གནས་ཚུལ་དེ་རིགས་མཚམས་འཇོག་དགོས་པ་དང་ད་ལྟའི་གནས་ཚུལ་དེ་ཡོངས་སུ་མཚམས་འཇོག་དགོས།


热门新闻

热门图库

热门排行