རྒྱལ་སྤྱི། 详情

ཀྲུང་གོས་གྲོས་འགོ་བཏོན་པའི་རྒྱལ་སྤྱིའི་རྩ་འཛུགས་དང་།འདི་ལྟར་བྱས་ན་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་།

2023-07-27 14:34:52 来源: 作者: 编辑:超级管理员

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་རྒྱལ་སྤྱིའི་རྩ་འཛུགས་ཤིག་ལ་བསྔགས་བརྗོད་ཐེངས་མང་གནང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་ཐག་གཅོད་ཇུས་གཞི་གལ་ཆེན་མཁོ་འདོན་བྱས་པར་བསྔགས་བརྗོད་གནང་བ་རེད། དེ་ནི་ཀྲུང་གོས་ནུས་རྒྱུའི་ཁྱབ་ཁོངས་སུ་བཙུགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཐོག་མ་སྟེ།གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས(གཤམ་དུ“མཉམ་ལས་རྩ་འཛུགས”ཞེས་བསྡུ་རྒྱུ)རེད།

ཉེ་ཆར།ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་ལས་རྩ་འཛུགས་དང་ལ་ཏིང་མེ་གླིང་ནུས་རྒྱུའི་རྩ་འཛུགས་སོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རིམ་པ་མཐོ་བའི་ཆབ་སྲིད་གླེང་སྟེགས་ཀྱི་ནུས་རྒྱུའི་བརྗོད་དོན་གཙོ་བོའི་མཐའ་མཚམས་ཚོགས་འདུ་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་དང་འབྲེལ་ཡོད་སྒྲིག་གཞིའི་འཐུས་མི་འབོར་ཆེན་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་13ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རིམ་པ་མཐོ་བའི་ཆབ་སྲིད་གླེང་སྟེགས་ཀྱི་ནུས་རྒྱུའི་བརྗོད་བྱ་གཙོ་བོའི་མཐའ་མཚམས་ཚོགས་འདུ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཡིག་གཅིག་ལྕོགས་ཨ་སྨི་ཏ·ཨ་ལི་སི་ཤ་པ་ན་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། (མཉམ་ལས་རྩ་འཛུགས་ཀྱི་རི་མོ་མཁོ་སྤྲོད།)

༄༅།།རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུ་དེ“ཧ་ཅང་གལ་འགངས་ཆེ་ལ་ཧ་ཅང་དུས་ཐོག་ཏུ་འཁེལ་བ”ཞིག་རེད།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཡིག་གཅིག་ལྕོགས་ཨ་སྨི་ཏ·ཨ་ལི་སི་པ་ན་ཡིས་དེ་ལྟར་བརྗོད་ཀྱི་ཡོད། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་འགྲན་སློང་མང་པོ་འཕྲད་ཡོད་པས“ནུས་རྒྱུ་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་ཐཱན་མེད་མ་ལག་འཛུགས་པའི”ཐོག་ནས་ཁྱད་བསད་བྱེད་དགོས།

མཉམ་ལས་རྩ་འཛུགས་ཀྱི་ཚོགས་སྡོད་ཀྲུའུ་ཞི་གཞོན་པ་ལིའུ་ཙེ་ཧུང་གིས་བརྙན་ལམ་ཐོག་ཤིས་ཚིག་སྒྲོན་སྐབས“གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་བཙུགས་ནས་ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་།རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ།དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བཅས་བྱ་རྒྱུ་རེད”ཅེས་བཤད་པ་རེད།

མཉམ་ལས་རྩ་འཛུགས་ཀྱི་ཚོགས་སྡོད་ཀྲུའུ་ཞི་གཞོན་པ་ལིའུ་ཙེ་ཧུང་གིས་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ་རེད། (མཉམ་ལས་རྩ་འཛུགས་ཀྱི་རི་མོ་མཁོ་སྤྲོད།)

མཉམ་ལས་རྩ་འཛུགས་ཀྱིས་ཚོགས་འདུའི་ཐོག《གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་-2030ལོའི་རྒྱུན་མཐུད་འཕེལ་རྒྱས་ལམ་བུ》ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྱིས་2030ལོའི་གྲོས་རིམ་དོན་འཁྱོལ་བྱེད་པའི“བྱ་སྤྱོད་ཁག་བཅུ”དང“ལམ་སྲོལ་ཁག་དྲུག”གི་གྲོས་འགོ་བཏོན་པ་རེད།

ཚོགས་འདུའི་ཐོག་ད་དུང་མཉམ་འབྲེལ་ཐོག་གྲོས་འགོ་བཏོན་ནས་ཕྱོགས་ཁག་གིས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ནུས་རྒྱུ་གཞན་སྒྱུར་གྱི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་རྒྱུའི་རེ་འབོད་བྱས་པ་དང་། སྒོ་དབྱེའི་མཉམ་ལས་མཐའ་འཁྱོངས་བྱས་ནས་ཐཱན་མེད་ནུས་རྒྱུའི་མ་ལག་འཛུགས་པ། གསར་གཏོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ནུས་རྒྱུའི་ཚན་རྩལ་གསར་བརྗེ་བྱེད་མགྱོགས་སུ་གཏོང་བ། མི་ཚང་མས་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་དགོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་གྲོས་རིམ་དང་དམ་པོར་འབྲེལ་ཡོད།

གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ནི་2016ལོའི་ཟླ་3པར་ཀྲུང་གོས་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་ཞིང་།དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་དྭངས་གཙང་དང་ལྗང་མདོག་གི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་གློག་ཤུགས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་རེད། མིག་སྔར་མཉམ་ལས་རྩ་འཛུགས་ལ་ཚོགས་མི་1305ཡོད་པ་དང་རྒྱལ་ཁབ་དང་ས་ཁུལ་142ལ་ཁྱབ་ཡོད།

མཉམ་ལས་རྩ་འཛུགས་བཙུགས་པ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་དེར་བསྔགས་བརྗོད་ཐེངས་མང་བྱས་ནས་དེས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཛུགས་རྒྱུར་གཞོལ་རྒྱུ་ནི་མིའི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྟེ་བ་དང་གོ་ལ་ཧྲིལ་པོའི་བསྟུན་མཁས་རང་བཞིན་གྱི་འཕར་རྒྱུ་མངོན་འགྱུར་བྱེད་པའི་འགག་རྩ་ཡིན་པའི་ངོས་འཛིན་བྱས་པ་རེད།

དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གཙོ་སྐྱོང་བྱེད་མཁན་དྲུང་ཆེ་གཞོན་པ་ལི་ཅུན་ཧྭ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྱིས“ང་ཚོའི་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་ཐུབ་པ་དང་དེ་བས་དྭངས་གཙང་གི་ནུས་རྒྱུ་མངོན་འགྱུར་ཐུབ་པ་བྱས་ནས་མི་ཚང་མར་ཁུར་པོ་འཁུར་བ་དང་རྒྱུན་མཐུད་ཀྱི་དེང་རབས་ནུས་རྒྱུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས”ཞེས་བཤད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤེ་ཡ་ནུབ་མའི་སྤྱི་ཚོགས་ཀྱི་ལག་བསྟར་དྲུང་ཡིག་ལུའོ་ལ·ཏ་ཧྲི་ཐིས་ཚོགས་འདུའི་ཐོག་ཨ་རབ་ས་ཁུལ་གྱི་མི་འབོར་83%ལ་གློག་ཤུགས་མཁོ་འདོན་བྱེད་ཐུབ་ཀྱི་ཡོད།ཁོང་གིས་མཉམ་ལས་རྩ་འཛུགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐཱན་མེད་ནུས་རྒྱུའི་མ་ལག་བསྐྲུན་རྒྱུའི་རེ་འབོད་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་མཉམ་འབྲེལ་

གོ་ཤེ་ཡ་ནུབ་མས་སྤྱི་ཚོགས་ཀྱི་ལག་བསྟར་དྲུང་ཡིག་ལུའོ་ལ·ཏ་ཧྲེ་ཐིས་བརྗོད་དོན་གཙོ་བོའི་མཐའ་ནས་གསུང་བཤད་གནང་བ་རེད། (མཉམ་ལས་རྩ་འཛུགས་ཀྱི་རི་མོ་མཁོ་སྤྲོད།)

དེ་དང་བསྟུན་ནས་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེང་ཀྲི་ཆང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“གློག་མེད་པའི་མི་གྲངས”ཉུང་དུ་གཏོང་རྒྱུའི་འདུན་པ་མཚོན་པར་བྱས་པ་མ་ཟད།ས་ཧ་ལ་བྱང་རྒྱུད་ཀྱི་ཉི་ནུས་དང་།ཀང་གོ་གཙང་པོའི་ཆུ་ནུས།ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རླུང་ནུས་དང་ཆུ་ནུས་སོགས་བེད་སྤྱོད་ཡག་པོ་གཏོང་དགོས་ལུགས་བཏོན་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་13ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རིམ་པ་མཐོ་བའི་ཆབ་སྲིད་གླེང་སྟེགས་ཀྱི་ནུས་རྒྱུའི་བརྗོད་བྱ་གཙོ་བོའི་མཐའ་མཚམས་ཚོགས་འདུ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་།མཐའ་མཚམས་ཚོགས་འདུ་དེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེང་ཀྲི་ཆང་གིས་གཙོ་སྐྱོང་གནང་བ་རེད། (མཉམ་ལས་རྩ་འཛུགས་ཀྱི་རི་མོ་མཁོ་སྤྲོད།)

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐག་གཅོད་ཇུས་གཞིའི་དྲ་རྒྱའི་ཀྲུའུ་རེན་ས་ཁེ་སིས་མཉམ་ལས་རྩ་འཛུགས་ཀྱིས་མཛེས་སྡུག་ལྡན་པའི་འཆར་གཞི་ཞིག་བཀོད་ཡོད།དེས“འཛམ་གླིང་ཡོངས་ཀྱི་དྲ་སྦྲེལ་གྱི་ཐཱན་མེད་གློག་དྲ་ནི་གང་འདྲ་ཞིག་ཡིན་པ་བརྗོད་དགོས”-གློག་ཤུགས་སྡེ་ཚན་རང་ཉིད་ཀྱི་བཙོག་འབུད་མེད་པ་དང་།ཚོང་ལས་དང་སྡོད་ཁང་འཛུགས་སྐྲུན་གྱི་བཙོག་འབུད་མེད་པ།ཐཱན་མེད་བཟོ་ལས་དེ་ཡིན་སྲིད……“ང་ཚོས་མིའི་རིགས་ཐཱན་མེད་འཕེལ་རྒྱས་ཀྱི་དུས་རབས་སུ་སླེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།


热门新闻

热门图库

热门排行