རྒྱལ་ནང་། 详情

ད་ལོ་ནས་བཟུང་སློབ་མཐར་ཕྱིན་རྗེས་ལས་ཞུགས་ལག་འཁྱེར་འགྲེམ་གཏོང་བྱེད་རྒྱུ་མ་རེད།

2023-07-27 14:31:20 来源: 作者: 编辑:超级管理员

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན།  ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སློབ་གསོ་པུའུ།  སྤྱི་བདེ་པུའུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐོ་འགོད་ལག་ཁྱེར་མེད་པར་བཟོ་བའི་འབྲེལ་ཡོད་སྦྲེལ་མཐུད་ལས་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཤིང་།《བརྡ་ཐོའི》ནང2023ལོ་ནས་བཟུང《རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐོ་འགོད་ལག་ཁྱེར》དང《རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ལས་ཞུགས་ཐོ་འགོད་ལག་ཁྱེར》(གཤམ་གསལ་སྤྱི་མིང་ལ“ལས་ཞུགས་ཐོ་འགོད་ལག་ཁྱེར”། )འགྲེམ་གཏོང་བྱེད་རྒྱུ་མིན་པ་དང་། ལས་ཞུགས་ཐོ་འགོད་ལག་ཁྱེར་གསབ་སྒྲུབ་དང་བསྒྱུར་གཏོང་འགྲོ་ལུགས་མེད་པར་བཟོས་ནས། ལས་ཞུགས་ཐོ་འགོད་ལག་ཁྱེར་དེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་བསྡུ་དང་། ཁྱིམ་ཐོ་སྒྲུབ་པ། ཡིག་ཚགས་བསྡུ་ལེན་བརྒྱུད་སྤྲོད་སོགས་ཀྱི་འགྲོ་ལུགས་སྒྲུབ་པར་ངེས་པར་ཏུ་མཁོ་བའི་དཔྱད་གཞིའི་ཡིག་རིགས་ལ་བརྩི་རྒྱུ་མིན་པར་གཏན་ཁེལ་བྱས། 


cb654496fba402789567288f96eb143.jpg


ཡིག་ཚགས་བརྒྱུད་སྤྲོད་འབྲེལ་མཐུད་ཐད《བརྡ་ཐོའི》ནང་། 2023ལོ་ནས་བཟུང་རྩ་འཛུགས་མི་དོན་སྡེ་ཁག་དང་ཡིག་ཚགས་དོ་དམ་ཞབས་ཞུའི་སྒྲིག་གཞིས་མི་དོན་ཡིག་ཚགས་ཞིབ་བཤེར་དང་དོ་དམ་བྱེད་སྐབས་ལས་ཞུགས་ཐོ་འགོད་ལག་ཁྱེར་དེ་ངེས་པར་དུ་ཉར་ཚགས་བྱེད་དགོས་པའི་དཔྱད་ཡིག་ལ་མི་བརྩི་བ་དང་། སྔོན་གྱི་ཡིག་ཚགས་དཔྱད་ཡིག་ནང་གི་ལས་ཞུགས་ཐོ་འགོད་ལག་ཁྱེར་མུ་མཐུད་དུ་ཉར་ཚགས་བྱེད་དགོས་པ་དང་། ཡིག་ཆ་དེ་དག་བོར་སོང་ན་ཡང་བསྐྱར་གསབ་སྒྲུབ་བྱེད་མི་དགོས། ལས་ཞུགས་ཐོ་འགོད་ཀྱི་བརྒྱུད་རིམ་ཐད་མི་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ(ལས་བསྡུ)གན་རྒྱའམ་ཡང་ན་ལས་ཞུགས་གྲོས་མཐུན་ཡི་གེ(དྲ་སྟེང་གི་ལས་ཞུགས་གན་རྒྱ)ཡང་ན་མཐོ་རིམ་དཀྱུས་མའི་སློབ་གསོའི་ཡོན་ཚད་ལག་ཁྱེར་རམ་ཡང་ན་ཕྱོགས་གཉིས་པོས་ཁ་ཆད་བྱས་པའི་དཔང་ཡིག་གཞན་དག་ལ་བརྟེན་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་ཞུགས་འགྲོ་ལུགས་བསྒྲུབ་དགོས།

《བརྡ་ཐོའི》ནང་ས་གནས་སོ་སོའི་འབྲེལ་ཡོད་ལུས་ཁུངས་དང་། མི་སྤྱོད་ལས་ཁུངས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་སྔོན་གྱི་ལས་ཞུགས་ཐོ་འགོད་ལག་ཁྱེར་དང་འབྲེལ་བ་ཡོད་པའི་བྱ་བ་སྒྲུབ་པའི་སྒྲིག་སྲོལ་གོ་རིམ་ལེགས་སྒྲིག་ནན་མོ་བྱས་ཐོག  དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས་པ་དང་། སྔར་ལས་ལྷག་པར་དཔང་རྟགས་དང་དཔྱད་ཡིག་ཁུ་བསྡུ་བྱས་ཏེ་ལས་ཞུགས་ཐོ་འགོད་ལག་ཁྱེར་མེད་པར་བཟོ་པའི་འབྲེལ་ཡོད་ལས་དོན་སྦྲེལ་མཐུད་ལེགས་པོ་བྱེད་དགོས་པར་བསྟན་ཡོད།   །  


热门新闻

热门图库

热门排行