རྒྱལ་ནང་། 详情

མི་དམངས་ཉིན་རེའི་ཚགས་པར་སྟེང་ཁ་ཡིག་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་

2023-07-27 14:30:43 来源: 作者: 编辑:超级管理员

ཟླ་དྲུག་པའི་ཚེས་བཞི་ཉིན་པར་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་སྟེང་དཔྱད་བརྗོད་རྩོམ་ཡིག ཁ་ཡིག་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་གོ་བ་ལེན་ཅེས་པ་སྤེལ།

རྩོམ་ཡིག་ལས་བསྟན་དོན། དུས་རབས་གསར་པར་སླེབས་རྗེས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཅིའི་ཕྱིར་ཐུན་མིན་གྱི་འགུག་ཤུགས་ལྡན་པར་གྱུར་བ་ཡིན་ནམ། ཀྲུང་ཧྭའི་ཤེས་རིག་ལ་ཅིའི་ཕྱིར་གསོན་ཤུགས་རབ་ཏུ་རྒྱས་པ་ཡིན་ནམ། དེའི་ལན་ཧ་ཅང་མངོན་གསལ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་རིག་གནས་འཛུགས་སྐྱོང་སྐོར་གྱི་དགོངས་པ་གསར་པ་དང་ལྟ་ཚུལ་གསར་པ། ཆོད་གཏམ་གསར་པ་ལས། ལོ་རྒྱུས་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་རིག་གནས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་མཐོ་ཚད་ནས། ཀྲུང་ཧྭའི་རིག་གནས་སྲོག་རྩ་རྒྱུན་འཛིན་བྱེད་པར་རྨང་བརྟན་ཞིང་སྐྱེས་སྟོབས་འཕེལ་བ་དང་བླ་སྲོག་འཐིམ་པའི་བསམ་བློའི་སྟོབས་ཤུགས་ཁ་སྣོན་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་རིམ་འཕར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཤེས་རིག་ལ་དུས་རབས་གསར་པའི་ནང་ཡང་བསྐྱར་མིག་དབང་འཕྲོག་པའི་བཀྲག་མདངས་བཞད་པར་བྱས་སྟབས། མི་དམངས་དུང་ཕྱུར་མང་བོའི་བསམ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་རིག་གནས་འཛུགས་སྐྱོང་སྐོར་གྱི་དགོངས་པ་གསར་པ་དང་ལྟ་ཚུལ་གསར་པ། ཆོད་གཏམ་གསར་པ་ནི་ལོ་རྒྱུས་ཀྱི་རྟོག་དཔྱོད་ཟབ་མོ་ལས་ཐོན་པ་ཡིན་ལ། མ་འོངས་པའི་མིག་རྒྱང་རིང་བོའང་གསལ་སྟོན་བྱས་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་བརླན་པར་བྱས་པའི་ཀྲུང་ཧྭའི་ས་གཞི་ཆེན་མོར་འབྲངས་ཡོད་ཅིང་། ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་ཀྲུང་གོའི་མི་དམངས་ཀྱི་མཉམ་འདུས་ཀྱི་སྟོབས་ཤུགས་ཆེན་པོ་ལྡན། ཚན་རིག་བདེན་ལུགས་ལག་ཏུ་བཟུང་ཞིང་། མི་ཡུལ་གྱི་བདེན་ལམ་རྡོག་པས་མནན་ནས། ཤེས་རིག་གི་འོད་ཟེར་གྱིས་གཙང་མར་བཀྲུས་ཡོད། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་རླབས་པོ་ཆེ་མདུན་ནས་མདུན་དུ་འཕེལ་རྒྱས་སུ་གཏོང་བར་ང་ཚོ་ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར། 


热门新闻

热门图库

热门排行