གནད་བསྡུས། 详情

ཀྲའོ་ཡུའེ་ཞ་ཡིས་རང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

2023-07-24 11:26:53 来源: 作者: 编辑:超级管理员

ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་རང་ཁུལ་དུ་ཡོང་ནས་ཚན་སྒྲིག་རང་བཞིན་གྱིས་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོར་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲའོ་ཡུའེ་ཞ་སྔ་གཞུག་ཏུ་གུང་ཧོ་རྫོང་སོགས་སུ་སོང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། བཞི་མིན་ཐད་གཉིས་ཀྱི་རྣམ་པར་བརྟེན་ནས་ལམ་རྒྱུད་ཀྱི་ཡུལ་ཚོ་དང་གྲོང་རྡལ་སྐོར་ཞིག་ལ་ལྐོག་བཤེར་བྱས་པ་དང་། གཞི་རིམ་ཏང་འཛུགས་བྱ་བ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོ་མོས་བསྟན་དོན། ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱ་བ་སྤེལ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ལངས་གནས་མཐོར་འདེགས་སུ་གཏོང་བ་དང་ཁག་ཁུར་འགན་བསྟར་བྱེད་པ། ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཏང་འཛུགས་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པའི་ཐད་ནས་གདང་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། ཁོ་མོས་ནན་གྱིས་བསྟན་དོན། གཅིག་འདོམས་མཐུན་སྦྱོར་ལ་དོ་སྣང་བྱེད་པ་དང་། སྡེ་ཁག་མང་པོའི་བར་གྱི་མཉམ་འབྲེལ་དང་བརྗེ་རེས་མཐུན་སྦྱོར་བྱ་བ་བཟང་བོར་སྤེལ་ནས། གནད་འཁེལ་དང་ཚན་རིག ཕན་མཐོ་བརྩོན་ལེན་བྱེད་དགོས། རོགས་སྐྱོར་གྱི་དམིགས་འབེན་ལས་འགན་གཙིགས་སུ་འཛིན་པ་དང་། བྱེད་ཐབས་ཇེ་བཟང་དུ་གཏོང་བ། གསལ་ཁྲར་དོ་དམ་བྱས་ཏེ། ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས། དོ་དམ་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པ་དང་། དོ་དམ་ནན་མོ་བྱེད་པ། སྟེགས་བུ་འཛུགས་པ། བརྒྱུད་སྒྲོག་དང་རོགས་སྐྱོར། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། རོགས་སྐྱོར་ཐོབ་པའི་རྫོང་གི་སློབ་གསོ་དང་སྨན་བཅོས། ཞིང་ལས་ཚན་རྩལ་ཞབས་ཞུའི་ནུས་པ་སྤྱི་ཁོག་ནས་མཐོར་འདེགས་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་འགོག་ར་བརྟན་པོ་འཛུགས་པ་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་དགོས། སྔོན་དུ་བརྗོད་དོན་སློབ་གསོར་འཆར་འགོད་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བརྟག་བཤེར་ཞིབ་འཇུག་བྱེད་པ། གཞི་རིམ་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལས་བསམ་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས།།


热门新闻

热门图库

热门排行