གནད་བསྡུས། 详情

ཁྲེན་ཀང་གིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་རྟོག་ཞིབ་གནང་བ།

2023-07-24 11:23:59 来源: 作者: 编辑:超级管理员

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཕེབས་ནས་རྟོག་ཞིབ་མཛད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། སྐྱེ་ཁམས་ཀྱི་མཐའ་ཐིག་བརྟན་སྲུང་དང་ལོ་རྒྱུས་རིག་གནས་སྲུང་སྐྱོང་། ཡུལ་སྐོར་ཐོན་ཁུངས་སྔོག་འདོན། ཡུལ་སྐོར་རྒྱུག་ཆེ་བར་བསུ་མ་བཅས་བྱས་ཏེ། མང་ཚོགས་སྔར་ལས་མང་པོ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕྱུག་འགྱུར“མགྱོགས་འཁོར”ལ་སྡོད་དུ་འཇུག་དགོས་ཞེས་ནན་གྱིས་གསུངས། 

ཁྲེན་ཀང་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དང་ཁྲི་ཀའི་མཁར་རྙིང་ལ་ཕེབས་པ་དང་། རྨ་ཆུ་སྔོན་མོའི་གམ་དུ་བཅར་ཞིང་ས་དམར་བྲག་གི་མཛེས་ལྗོངས་ལ་རྒྱང་གཟིགས་མཛད་ནས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་མཛེས་ལྗོངས་ཁུལ་འཛུགས་སྐྲུན། ཡུལ་སྐོར་པ་སྣེ་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད། ས་གནས་དེ་གའི་སོ་ཕག་བཟོ་སྐྲུན་དང་སྲོལ་རྒྱུན་ཤིང་བརྐོས། ཤོག་བུ་འདྲ་བཟོ་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་གླེང་མོལ་ཟབ་མོ་གནང་། ཁྲེན་ཀང་གིས་ས་གནས་དེ་གའི་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ཧུར་ཐག་བྱས་པ་དང་། རིག་གནས་དང་ཞིང་ཕྱུགས། ཡུལ་སྐོར་བཅས་ཀྱི་དགེ་མཚན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བྱེད་ཐབས་ལ་གདེང་འཇོག་གང་ལེགས་མཛད་ནས། རང་བྱུང་ཁོར་ཡུག་ལེགས་པོ་ཞིག་ཡོད་པ་ནི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དུས་དང་རྣམ་པ་ཀུན་ཏུ་འབུར་ཐོན་གྱི་གནས་སུ་འཇོག་པ། ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས། ཆུའི་ཐོན་ཁུངས། ཆུའི་བདེ་འཇགས། ཆུའི་རིག་གནས། ཆུའི་འགྲམ་ངོགས་སོགས་ཕྱོགས་མང་པོའི་སྐྱེ་ལྡན་འབྲེལ་བར་སྤྱི་འདོམས་བསམ་གཞིགས་བྱས་ཏེ། “ཁྲི་ཀའི་རྨ་ཆུ་སྔོན་མོ”ཞེས་པའི་གསེར་གྱི་བྱང་བུ་འདི་བེད་སྤྱོད་ལེགས་པོ་བྱེད་དགོས། ཁྲི་ཀའི་གནས་གཤིས་དང་གནས་ཡུལ། རིག་གནས་སོགས་ཐད་ཀྱི་དགེ་མཚན་ཅུང་ཙམ་ཡོད་པ་དེ་སྔར་ལས་ལྷག་པར་སྔོག་འདོན་བྱེད་པ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བེད་སྤྱོད་ལས་དོན་སེམས་རྣལ་མོས་ལེགས་པར་སྒྲུབ་པ། ཡུལ་སྐོར་ཐོན་རྫས་གསར་པ་དང་ལས་སྟངས་གསར་པ། རྣམ་པ་གསར་པ་བཅས་གསོ་སྐྱོང་ཧུར་ཐག་བྱས་ཏེ། དུས་ཚིགས་ཡོངས་དང་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས། མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བ་དང་། མཛེས་སྡུག་ཤང་གྲོང་འཛུགས་སྐྲུན་བྱེད་པ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་པ། “ཡུལ་སྐོར+”གྱི་རྩོམ་ཡིག་ནན་ཏན་གྱིས་ལེགས་པར་བྲིས་ཏེ། ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་ཕྱུག་འགྱུར་འབབ་འཕེར་ལ་སྐུལ་ཁྲིད་བྱེད་དགོས་ཞེས་ནན་གྱིས་གསུངས། 

རྟོག་ཞིབ་ཁྲོད། ཁྲེན་ཀང་གིས་ད་དུང་ཁྲི་ཀ་རྫོང་གི་ཆུ་ལག་སྦྲེལ་མཐུད་དང་ཆུ་དྭངས་ཤང་གྲོང་འཛུགས་སྐྲུན། ཞོད་ཟོན་ལས་དོན་བཅས་ཀྱི་གནས་ཚུལ་ལ་གསན་རྗེས། མིག་སྔར་མཚོ་སྔོན་ནི་ཞོད་དུས་སུ་སླེབས་པ་དང་། ཆུ་ལོག་འགོག་པ་དང་ཞོད་ཟོན་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། གནམ་གཤིས་དང་ཆུ་ཚུལ། ཞོད་ཚུལ་བཅས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཟབ་མོ་བྱེད་པ། ས་གཤིས་གནོད་འཚེ་སོགས་ཞོད་ཟོན་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལ་ཤུགས་སྣོན་པ། ཆུ་ལག་སྦྲེལ་མཐུད་དང་དྭངས་གཙང་གཞུང་སེལ། འགྲམ་ངོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་མུ་མཐུད་དུ་སྤེལ་བ། མང་ཚོགས་ཀྱི་འཕྲལ་བསྟུན་ཉེན་གཡོལ་འདུ་ཤེས་མུ་མཐུད་དུ་མཐོར་འདེགས་པ། ཞོད་ཟོན་འཕྲལ་བསྟུན་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་པ། ཞོད་ཟོན་ལས་དོན་ངེས་པ་དོན་གྱིས་སྔོན་ལ་འཇོག་པ་དང་སྔོན་ལ་སྒྲུབ་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞོད་ཟོན་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས་པར་བསྟན། 

ཀྲུའུ་ཞང་ཧྥེང་དང་ཧི་ལུའུ་ཁྲུན་གཉིས་རྟོག་ཞིབ་ལ་ཞུགས། །


热门新闻

热门图库

热门排行