པར་རིས་གསལ་བཤད། 详情

པར་བ་ཨ་མྱེས་ཁྲ་རྒན་གྱི་པར་རིས་བརྩམས་ཆོས་བདམས་བཀོད།

2023-05-17 08:48:03 来源: 作者: 编辑:


དངོས་མིང་། བསྟན་པ་འཛིན་མཁས། དྲ་མིང་། ཨ་མྱེས་ཁྲ་རྒན། 1985ལོར་མཚོ་ཁྲི་གཤོག་རྒྱལ་མོའི་ཉེ་འགྲམ་གྱི་སྤྲེལ་ནག་ཅེས་པའི་འབྲོག་སྡེ་ཆེན་པོ་རུ་སྐྱེས་ཤིང2000ལོར་ལྷ་མོ་དྲེལ་དགོན་དུ་ཆོས་སྒོར་ཞུགས་ཏེ་འདོན་རྟ་དབྱངས་གསུམ་དང་འབྲི་ཀློག་སྦྱོར་གསུམ་སོགས་ལ་སྦྱངས་ནས་མི་ཚེ་འགྲུལ་བཞུད་ཀྱི་གོམ་ཁ་ཐོག་མ་མ་ལྷོད་ཅིང་རང་གི་མི་ཚེ་ཧྲིལ་པོའི་དགའ་སྐྱོ་སྨྲེང་གསུམ་དང་འདས་མ་ད་གསུམ་མཚོན་ཕྱིར་སེམས་ཀྱི་རྔུལ་ཁྲག་ཕྱི་རུ་མངོན་པའི་མཛེས་སྡུག་སྟེ། བཤད་མི་ཤེས་ཤིང་བརྗོད་མི་ཚར་བའི་པར་ལེན་སྒྱུ་རྩལ་གྱི་ཕྱོགས་ལ་གོམས་ནས་རང་བྱུང་ཁམས་ཀྱི་མཛེས་པའི་གསང་བ་པར་ལ་བླངས་ཏེ། པར་མིག་ལས་རང་གི་སེམས་ཁམས་དང་བསྡོངས་པའི་ཁོར་ཡུག་གི་མཛེས་སྡུག་ཅིག་ཡུན་རིང་དུ་མིག་གིས་འཚོས་པ་འདིའང་མི་ཚེ་དོན་ལྡན་དུ་བསམས་ནས་སྔ་རྗེས་སུ་མཚོ་མཐའི་གླུ་སྐད་ལོ་དེབ་དང་། མཚོ་མཐའི་གླུ་སྐད་སྤྱི་སྟེགས། གངས་རྒྱན་མེ་ཏོག རི་བོ་ཉི་ཟླ། ཁྲི་ཤོར་རྒྱལ་མོ། མཚོ་བྱང་ཁུལ་མདོ་ལ་ཚགས་པར་ཁང་སོགས་དྲྭ་ཚིགས་སོ་སོར་པར་རིས་བརྩམས་ཆོས་གང་མང་བཀོད་མྱོང་ཞིང་། ད་ལྟ་ཀྲུང་གོའི་དམངས་སྲོལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་། མགོ་ལོག་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་གངས་ཕྲུག་པར་གྲོགས་གླིང་གི་ཚོགས་མི་བཅས་སུ་ཡང་ཞུགས་ཡོད།

热门新闻

热门图库

热门排行