ཞིང་ཆེན་ནང་ཁུལ། 详情

མཚོ་སྔོན་ཞིང་ཆེན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲིམས་སྐྱོང་ཁྲིམས་སྤྱོད་ཀློག་དེབ་འགྲེམས་སྤེལ་གྱི་མཛད་སྒོ་ཁྲི་ཀ་རྫོང་དུ་བསྡུས།

2020-10-21 11:38:21 来源: 作者: 编辑:

    ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆོས་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི“ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་དང་ལག་བསྟར་གཏིང་ཟབ་བྱེད་པ། མཚོ་སྔོན་ཞིང་ཆེན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲིམས་སྐྱོང་ཁྲིམས་སྤྱོད་ཀློག་དེབ་འགྲེམས་སྤེལ་གྱི་མཛད་སྒོ” རྨ་ཡུལ་ཁྲི་ཀ་རྫོང་དུ་གནས་པའི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བསྡུས།

AF4A0736.jpg

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཆོས་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ཆེན་ཏང་ཨུའི་བོད་ཀྱི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དཔལ་ཕྱུག་གིས《མཚོ་སྔོན་ཞིང་ཆེན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་བཙུགས་པའི་སྐོར་གྱི་བརྡ་ཐོ 》སྒྲོག་སྦྱང་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མ་ཀྲི་མིང་གིས《བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀློག་དེབ་བཀྲམ་པའི་སྐོར་གྱི་བརྡ་ཐོ 》སྒྲོག་སྦྱང་བྱས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཙུའུ་ཚོགས་མི་ཧྲོ་ཡོན་གྱིས་གཏམ་བཤད་གནང་།

AF4A0693.jpg

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཆོས་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ཆེན་ཏང་ཨུའི་བོད་ཀྱི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དཔལ་ཕྱུག་གིས《མཚོ་སྔོན་ཞིང་ཆེན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་བཙུགས་པའི་སྐོར་གྱི་བརྡ་ཐོ 》སྒྲོག་སྦྱང་བྱེད་བཞིན་པ།

AF4A0713.jpg

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མ་ཀྲི་མིང་གིས《བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀློག་དེབ་བཀྲམ་པའི་སྐོར་གྱི་བརྡ་ཐོ 》སྒྲོག་སྦྱང་བྱེད་བཞིན་པ།

AF4A0739.jpg

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཙུའུ་ཚོགས་མི་ཧྲོ་ཡོན་གྱིས་གཏམ་བཤད་གནང་བཞིན་པ།

WechatIMG968.jpg

མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲིན་གཡུ་ཀོང་གིས་མཛད་སྒོར་མགོ་འཛིན་གནང་བཞིན་པ།

    གྲོང་ཁྱེར་དང་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་ཅུའུ་ཡི་འགན་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མཐུས་མི། མཚོ་སྔོན་ཞིང་ཆེན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པའི་འཐུས་མི། ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་སློབ་བཅས་མི500ལྷག་ཐེངས་འདིའི་མཛད་སྒོར་ཞུགས།

AF4A0688.jpg

ཚོགས་རའི་ཟུར་ཞིག

AF4A0744.jpg

ཚོགས་རའི་ཟུར་ཞིག

    ཧྲོ་ཡོན་གྱིས《བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀློག་དེབ》བཀྲམ་པའི་དམིགས་ཡུལ་ནི་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་མཁོ་འདོན་དང་། རྒྱུན་གཏན་འཚོ་བའི་ཁྲོད་འཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་སྣ་ཚོགས་ལ་ལན་བརྒྱབ་ནས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཡིན་ཟེར།

AF4A0720.jpg

གྲོང་ཁྱེར་དང་ཁུལ་སོ་སོར་དཔེ་སྦྱིན་བྱེད་བཞིན་པ།

AF4A0728.jpg

གྲོང་ཁྱེར་དང་ཁུལ་སོ་སོར་དཔེ་སྦྱིན་བྱེད་བཞིན་པ།

     ཤེས་གསལ་ལྟར་ན། ཐེངས་འདིར་ཟི་ལིང་གྲོང་ཁྱེར་ལ་ཀློག་དེབ500དང་། མཚོ་ཤར་གྲོང་ཁྱེར་ལ800། མཚོ་ལྷོ་ཁུལ་ལ1500། མཚོ་ནུབ་ཁུལ་ལ1000། མཚོ་བྱང་ཁུལ་ལ1000། ཡུས་ཧྲུའུ་ཁུལ་ལ2500། མགོ་ལོག་ཁུལ་ལ2500། རྨ་ལྷོ་ཁུལ་ལ2500བཅས་བཀྲམ་པ་དང་། 2020ལོའི་ཟླ10པ་ནས2021ལོའི་ཟླ3པའི་ཚེས31ཉིན་བར་སྒྲོག་འགྲེལ་ཚོགས་པ་རིམ་པ་ལྟར་གྲོང་ཁྱེར་དང་ཁུལ་སོ་སོའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སོང་ནས་བཅའ་ཁྲིམས་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱ་རྒྱུ་རེད།

AF4A0733.jpg

ཚོགས་རའི་ཟུར་ཞིག

     ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་རང་ཉིད་ནས་མགོ་བརྩམས་ཏེ་ཁྲིམས་བརྩི་ཁྲིམས་སྦྱོང་དང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་རབས་གསར་བའི་ཁྲིམས་སྲུང་ཁྲིམས་བརྩིའི་སྤྱི་དམངས་བཟང་པོ་ཞིག་བྱས་ཏེ། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་བསྐྲུན་པར་བྱེད་ནུས་གལ་ཆེན་ཐོན་པ་རེད།

AF4A0746.jpg

མཚོ་སྔོན་ཀོན་ནའོ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་ནམ་མཁའ་བཀྲ་ཤིས་ཀྱིས་དམངས་དོན་ཁྲིམས་གཞུང་དང་འབྲེལ་བའི་ཆེད་དོན་འཆད་ཁྲིད་གནང་བཞིན་པ།


热门新闻

热门图库

热门排行