ཏང་འཛུགས། 详情

བྲ་བདའ་སྡེ་བ་རུ“བདུན་གཅིག”བྱ་འགུལ་སྤེལ།

2018-07-04 09:37:18 来源: 作者: 编辑:

      ཏང་ཡོན་ལས་བྱེད་པའི་འདུ་ཤེས་དང་སྤྱོད་སྟངས་སྔར་ལས་ཇེ་བཟང་དུ་ཡོང་ཆེད།  ཟླ6པའི་ཚེས28ཉིན་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་ཁྲིམས་ཁང་གཉིས་ཀྱིས་གུང་ཧོ་རྫོང་ས་གྲུ་བཞིའི་བྲ་བདའ་སྡེ་བ་རུ་བདུན་གཅིག་ཏང་འཛུགས་ཀྱི་བྱ་འགུལ་སྤེལ།

1.jpg

   ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་སློབ་ཁྲིད་ཚོགས་པའི་ཚོགས་གཙོ་ཀྲང་ཞིན་ཆིན་གྱིས་སྡེ་བའི་ཏང་ཡོན་རྣམས་ལ་ཏང་གི་ནང་དོན་སྐོར་ནས་སློབ་ཁྲིད་བྱས། ཏང་གི་སྒྲིག་སྲོལ་ལ་བརྩི་བསྲུང་དང་ལག་ལེན་དངོས་འབེབ་བྱེད་པ་སོགས་ཕྱོགས་མང་པོ་ནས་རེ་བ་ནན་མོ་བཏོན།

2.jpg

      ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་ལུང་ཡོན་གྱིས་ཏང་ཡོན་རྣམས་ལ་སྒོར་མོ་བསྐྱི་ཕྱོགས་དང་།   ཁེ་དབང་སོགས་འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ་སོགས་ངོ་སྤྲོད་བྱས་ནས་ཏང་ཡོན་རྣམས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་ལེགས་སུ་བཏང་སྟེ།  བཀྲ་བདའ་སྡེ་བ་རུ་ཏང་གི་ལོ་ཚོད50ལོན་པའི་ཝང་ཅོན་ཀའོ་ཡང་ཁོ་ཚོ་དང་མཉམ་དུ་སློབ་ཁྲིད་ལ་ཉན་དུ་འོང་། 

3.jpg

      ཁོས་བཤད་དོན། ད་སྐབས་ང་རང་ལོ་ན་རྒས་ཀྱང་སྔར་བཞིན་སློབ་སྦྱོང་ལ་འབད་པ་བྱེད་ཀྱིན་ཡོད། གལ་ཏེ་ཕྱོགས་གང་ཐད་ནས་སློབ་སྦྱོང་མ་བྱས་ན་བསམ་བློ་ཡང་རྗེས་ལུས་ཐེབས་ངེས་ཡིན་ཟེར།

      ཚོགས་ཐོག་ཏུ་སྐར་ལྔའི་དཔལ་ཡོན་ཁྱིམ་ཚང7དང་། ཕུལ་བྱུང་ཏང་ཡོན་ལས་བྱེད་པ3ལ་གཟེངས་བསྟོད་བྱ་དགའ་གནང་བ་མ་ཟད། ཏང་ཡོན་ལས་བྱེད་རྒན་པ3ལ་ཁམས་བདེ་འཚམས་འདྲི་གནང་།

4.jpg

      དེ་ནས་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡེ་ཝན་པིན་དང་ཏང་ཡོན་ལས་བྱེད་པ་རྣམས་རྒྱལ་དར་དམར་པོ་དང་མཉམ་དུ་བསྡད་ནས་ཏང་ལ་བློ་དཀར་ཞིང་ཆོད་སེམས་ལྡན་པའི་ངང་དམ་བཅའ་བརྟན་པོ་བཞག་ནས་“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད”ཅེས་པའི་ཏང་གླུ་སྙན་མོ་སྐད་གསེང་མཐོན་པོས་བླངས།

5.jpg

      དེ་མིན་ཏང་ཡོན་ལས་བྱེད་པ་རྣམས་ཕྱི་རོལ་དུ་བསྐྱོད་ནས་རོལ་རྩེད་བྱ་འགུལ་སྣ་མང་སྤེལ་ཞིང་། ཕན་ཚུན་ལ་འབྲེལ་འདྲིས་དང་རོགས་རམ། མཐུན་སྒྲིལ་བྱེད་པའི་སྤོབས་པ་དང་བསམ་བློ་མངོན་པར་མཚོན་དུ་བཅུག 

6.jpg

      ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡེ་ཝན་པིན་གྱིས་སྡེ་བའི་འཛུགས་སྐྲུན་དང་ཏང་ཡོན་རྣམས་ལ་གཏམ་བཤད་གལ་ཆེན་གནང་བ་ནི་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་ཏེ“ཐོག་མའི་དམ་བཅའ་དང་འགན་འཁྲི་གཏིང་ནས་མི་བརྗེད་པར”ཚད་ལྡན་གྱི་ཏང་ཡོན་ལས་བྱེད་པ་ཞིག་བྱས་ནས་ནམ་རྒྱུན་རང་ཉིད་ལ་རེ་བ་ནན་མོ་འདོན་པ་དང་། འཚོ་བ་ལ་དགའ་ཞེན་གཅེས་འཛིན་བྱེད་དགོས་པ་སོགས་ཕྱོགས་གང་ཐད་ནས་གཏམ་བཤད་ཡག་པོ་གནང་། 


热门新闻

热门图库

热门排行