བྲ་བདལ་སྡེ་བས“སྒྲོག་གཉིས་སྐུལ་གསུམ”གྱི་བྱ་འགུལ་སྤེལ།
ཉེ་སྔོན། གུང་ཧོ་རྫོང་ས་གྲུ་བཞི་ཤང་བྲ་བདལ་སྡེ་བས“སྒྲོག་གཉིས་སྐུལ་གསུམ”གྱི་ཉིན་བརྒྱའི་སྐུལ་སློང་བྱ་འགུལ་དང་དྲིལ་སྒྲོག་ཚོགས་འདུ་བསྡུས། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་ཚོ་ཆུང་། སྡེ་བའི་ཨུ་ཡོན་གཉིས་ཀྱི་ཁོངས་མི་དང་སྡེ་མི་ཁག་ཅིག་བཅས་མི60ལྷག་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་། ཧྲུའུ་ཅི་དང་པོ་ཧྥིན་ཁྲོན་ཧེ་ཡིས་ཁུལ་དང་རྫོང་གིས2018ལོར་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ“སྒྲོག་གཉིས་སྐུལ་གསུམ”གྱི་བྱ་འགུལ་སྤེལ་བའི་དགོངས་དོན་སྐོར་བསྒྲགས།《2018ལོར་ལས་བྱེད་མི་སྣ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ“སྒྲོག་གཉིས་སྐུལ་གསུམ”གྱི་ཉིན་བརྒྱའི་སྐུལ་སློང་བྱ་འགུལ་སྤེལ་བའི་འཆར་བཀོད་ལག་བསྟར》ལྟར། བྲ་བདལ་སྡེ་བས་ཅི་ལྟར་གོམ་གང་མདུན་སྤོས་སྒོས“སྒྲོག་གཉིས་སྐུལ་གསུམ”གྱི་སྒྲོག་འགྲེལ་བྱ་བའི་རེ་འདུན་ལེགས་པོ་ཞིག་འཁྱོངས་ངེས།
སྐུལ་སློང་ཚོགས་འདུའི་རྗེས་སུ། ཧྲུའུ་ཅི་དང་པོ་ཧྥིན་ཁྲོན་ཧེ་ཡིས་ཁུལ་དང་རྫོང་། ཤང་དང་སྡེ་བའི་གནས་ཚུལ་དང་འབྲེལ་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་གྱི་ཡིག་ཆ་དང་པོ་སྒྲོག་འགྲེལ་བྱས། ཁོས་བཤད་རྒྱུར“སྡེ་བ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གིས་ཤང་གྲོང་བསྒྱུར་སྟངས་དང་ཤང་གྲོང་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་བཀོད་སྒྲིག་ལེགས་པོ་བྱས་ཏེ། དོ་མཉམ་འཐུས་ཚང་མིན་པའི་ཤང་གྲོང་དང་ཞིང་ཕྱུགས་ཁུལ་གྱི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་བྱེད་པར་ཐག་གཅོད་བྱེད་དགོས།
དེ་བས། ང་ཚོས་སྲིད་ཇུས་བཟང་བོའི་གོ་སྐབས་དམ་འཛིན་བྱས་ཏེ། ཤང་གྲོང་གི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས། མཛེས་པའི་ཤང་སྡེ་འཛུགས་སྐྲུན་དང་སྡེ་བ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སོགས་བྱ་བ་གཙིགས་སུ་བཟུང་སྟེ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས”ཟེར། །